ཀྲུང་གོ་བོད་ཀྱི་དྲ་བ།

“ལྔ་གཅིག”ངལ་གསོའི་རིང་བསྡོམས་པས་མྱུར་སྐྱེལ་ཁུག་མ་དུང་ཕྱུར28.1སྐྱེལ་ལེན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྦྲག་སྲིད་ཅུའུ་ཡི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། “ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་སྒོ་བརྟན་བརླིང་ངང་འཁོར་སྐྱོད་བྱས་ཏེ། བསྡོམས་པས་མྱུར་སྐྱེལ་ཁུག་མ་དུང་ཕྱུར13.4བསྡུ་ལེན་བྱས་པ་དེ་དུས་མཉམ་ལས2.3%འཕར་བ་དང་། མྱུར་སྐྱེལ་ཁུག་མ་དུང་ཕྱུར14.7བསྐུར་སྐྱེལ་བྱས་པ་དེ་དུས་མཉམ་ལས19.7%འཕར་ཡོད།

“ལྔ་གཅིག”ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་རིང་། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ཆ་རྐྱེན་འཛོམས་པའི་སྦྲག་སྲིད་མྱུར་སྐྱེལ་ཁག་བགོས་ལྟེ་གནས་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གོམ་སྟབས་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། ཧྲན་ཞི་རུ་མིག་སྔར་སྦྲག་སྲིད་མྱུར་སྐྱེལ་ཡན་ལག་ལས་ཁུངས403གྱི་ལས་གཉེར་སླར་གསོ་ཐུབ་ནས་རྒྱུན་གཏན་གྱི་འཁོར་སྐྱོད་ཐུབ་ཚད94.8%ཟིན་པ་དང་། སྦྲག་སྲིད་མྱུར་སྐྱེལ་ལས་གཉེར་དྲ་ཚིགས11231གི་ལས་གཉེར་རྒྱུན་གཏན་ཅན་དུ་གྱུར་ཡོད། ཧྲང་ཧའེ་རུ་མིག་སྔར་འབྲེལ་ཡོད་བླང་བྱ་གཞིར་བཟུང་། མཁོ་སྤྲོད་དང་ཤར་རྒྱུག ཐོགས་མེད་བཅས་དུས་མཚམས་གསུམ་ལ་དབྱེ་ནས་ཧུར་བརྩོན་དང་བརྟན་བརླིང་། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཐོན་སྐྱེད་སླར་གསོའི་ལས་དོན་སྤེལ་བཞིན་ཡོད། ཉེ་དུས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཧྲང་ཧའེ་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་དམངས་འཚོའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཉིན་རེར་ཆ་སྙོམས་ཏུན་ཁྲི1ལས་བརྒལ་ཡོད། བཀོད་སྒྲིག་གཞིར་བཟུང་། མིག་སྔར་ཧྲང་ཧའེ་སྦྲག་སྲིད་མྱུར་སྐྱེལ་ལས་སྒོའི་ལས་འགན་གཙོ་བོ་ནི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཚན་གྱིས་མངགས་བཅོལ་བྱས་པའི་མཁོ་སྤྲོད་འགན་ལེན་ལས་དོན་སྤེལ་ནས་རིམས་འགོག་དངོས་ཟོག་དང་ཛ་དྲག་སྨན་རྫས། མི་དམངས་མང་ཚོགས་ཀྱི་འཚོ་བའི་མཁོ་རྫས་བཅས་ཀྱི་སྐྱེལ་གཏོང་ཞབས་ཞུ་དང་དེ་བཞིན་ཐོན་སྐྱེད་སླར་གསོའི་ཁེ་ལས་ས་ཚིགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།