ཀྲུང་གོ་བོད་ཀྱི་དྲ་བ།

ཇོ་མོ་གླང་མའི་ཡང་རྩེར་འཛེགས་པ། ​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

582b2ca904829b00fe334ecbfb7b964.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གྱི་ཉིན་གོང་།རང་རྒྱལ་གྱི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཁོངས་མི་དག་རྒྱལ་ཁའི་ངང་རི་རྩེར་འཛེགས་པ་མ་ཟད། ཐོག་དང་པོར་ཞིབ་ཚད་མཐོ་བའི་ལེ་ཏ(雷达)སྤྱད་དེ་རི་རྩེའི་གངས་འཁྱགས་ཀྱི་མཐུག་ཚད་ཚད་འཇལ་བྱས་པ་རེད།

82c4bbadf7b209056e7156db604565e.jpg

1ddb3bb6c68a159b6c163928cf5ab90.jpg

ཚེས4ཉིན་གྱི་ཆུ་ཚོད12དང་སྐར་མ46ལྷག་ལ་རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་རུ་ཁག་གི་ཁོངས་མི་དག་ཇོ་མོ་གླང་མའི་ཡང་རྩེ་རུ་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་རང་འགུལ་གནམ་གཤིས་ས་ཚིགས་བཙུགས་པ་དང་། དེ་ནི་འཛམ་གླིང་ཡོངས་ནས་ས་བབ་ཆེས་མཐོ་བའི་རང་འགུལ་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་ཤིག་ཡིན་ལ།“ཡང་རྩེའི་ལས་འགན”ཇོ་རིའི་ཚན་རིག་རྟོག་ཞིབ་བྱེད་སྒོའི་ཁྲོད་བཙུགས་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་མཐའ་མ་དེའང་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།