ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)2022ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཁག་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས(རྒྱལ་ཁབ་སྲིད་འཛིན་སློབ་གླིང)2022ལོའི་དཔྱིད་དུས་སློབ་སྐབས་ཀྱི་ཁག་དང་པོའི་ཟབ་སྦྱོང་འཛིན་གྲྭའི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་གཙོ(གླིང་ཀྲང་)ཁྲེན་ཞིས་ཀྱིས་མཐར་ཕྱིན་མཛད་སྒོར་ཞུགས་པ་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་བ་རེད།

སྐབས་འདིར་བསྡོམས་པས་མཐར་ཕྱིན་སློབ་མ176ཡོད་ལ་སློབ་མ4ཡིས་མཐར་ཕྱིན་སློབ་མའི་ཚབས་བྱས་ནས་གཏམ་བཤད་སྤེལ། སློབ་མ་ཚང་མས་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་རྒྱབ་ལྗོངས་འོག་སློབ་གྲྭ་འདི་གར་སློབ་སྦྱོང་བྱེད་དུ་ཡོང་བ་ནི་ཆེས་དོན་སྙིང་ལྡན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་བ་དེས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བར་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གནང་ཡོད་པ་རེད། ཟླ་གཉིས་རིང་གི་སློབ་སྦྱོང་དང་གསོ་སྦྱོང་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་བླངས་ཤིང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་སློབ་གསོ། ནུས་པ་གསོ་སྦྱོང་བཅས་ལ་དང་ལེན་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱུང་བ་དང་། སྔར་ལས་ལྷག་པར་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་བྱང་ཚད། བསམ་པའི་གནས་ཚད། དོན་དངོས་ཐག་གཅོད་ཀྱི་ནུས་པ་བཅས་ཇེ་མཐོར་བཏང་། སློབ་མ་ཚང་མས་རང་ཉིད་ཀྱི་ཕྲག་ཐོག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུས་རབས་ཀྱི་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཀྱི་བྱ་བ་ལེགས་པར་བསྒྲུབ་ཏེ་སྦྱངས་ཟིན་པའི་ཤེས་བྱ་རྣམས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བར་ཧུར་ཐག་བྱེད་དགོས་ལ། ལྷག་བསམ་རྣམ་དག་སྒོས་འགན་འཁྲི་དང་ལེན་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་འཚོག་པར་བསུ་བ་བྱེད་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།