ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ལྷོ་སྣེ་གླིང་དུ་རྟོག་ཞིབ་བྱེད་ཐེངས38པ་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

MAIN202204271526000162370727930.jpg

MAIN202204271526000169901181365.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས26ཉིན། གསར་འགོད་པས་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གོས་ལྷོ་སྣེ་གླིང་དུ་རྟོག་ཞིབ་བྱེད་ཐེངས38པའི་ལས་འགན་དེ“གངས་འབྲུག”མཚོ་གྲུ་དང“གངས་འབྲུག2པའི”མཚོ་གྲུ་གཉིས་ཀྱིས་མཉམ་དུ་ལེགས་གྲུབ་བྱས་པ་རེད། “གངས་འབྲུག2”པའི་མཚོ་གྲུ་དེ་ཟླ 4བའི་ཚེས20ཉིན་ཧྲང་ཧེ་དུ་ཡོད་པའི་རྒྱལ་ནང་རྟེན་གཞི་གྲུ་ཁ་རུ་ཕྱིར་འབྱོར་ཞིང་། བགྲོད་སྐྱོད་རིང་ཚད་ཧེ་ལི་ཁྲི3.1ཡིན་ལ། “གངས་འབྲུག”མཚོ་གྲུ་དེ་ཟླ4བའི་ཚེས26ཉིན་ཧྲང་ཧེ་དུ་ཡོད་པའི་རྒྱལ་ནང་རྟེན་གཞི་གྲུ་ཁ་རུ་འབྱོར་བ་དང་། བགྲོད་སྐྱོད་རིང་ཚད་ཧེ་ལི་ཁྲི3.3ཡིན་པ་རེད།

ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གོས་ལྷོ་སྣེ་གླིང་དུ་རྟོག་ཞིབ་བྱེད་ཐེངས38པ་དེ2021ལོའི་ཟླ11པའི་ཚེས5ཉིན་ལམ་ལ་ཆས་ཤིང་། ཉིན174རིང་ལྷོ་སྣེ་གླིང་གི་ལྕགས་རི་རིང་བོ་ས་ཚིགས་དང་ཀྲུང་ཧྲན་ས་ཚིགས་གཉིས་ལ་དངོས་རྫས་མཁོ་འདོན་དང་ལས་སྒྲུབ་མི་སྣ་བརྗེ་སྤོར་བྱེད་པའི་ལས་འགན་དང་དུ་བླངས་པ་མ་ཟད། ས་ཚིགས་དེ་གའི་རིག་ཚན་མང་པོ་དང་རྒྱ་མཚོ་འགྲམ་ངོགས་ཀྱི་རྒྱ་མཚོ་ལས་རིགས་ལ་ལྟ་ཞིབ་ཚད་ལེན། ལྷོ་རྒྱ་མཚོ་ཆེན་པོའི་སྐྱེ་ཁམས་མ་ལག་ལ་བརྟག་དཔྱད། ཧུར་ཐག་སྒོས་རྒྱལ་སྤྱིའི་མཉམ་ལས་ཀྱི་རྟོག་ཞིབ་དངོས་ཟོག་མཁོ་སྤྲོད་བྱེད་པ་སོགས་ཀྱི་ཐད་ལ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།