ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་རང་རྒྱལ་གྱི་རྒྱལ་དམངས་དར་མའི་ཕྱོགས་བསྡུས་དཔེ་ཀློག་ཚད81.6%ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་རྩ་འཛུགས་ལག་བསྟར་བྱས་པའི་རྒྱལ་ཡོངས་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་ཐེངས་བཅུ་དགུ་པའི་མཇུག་འབྲས་ཉེ་སྔོན་ཡོངས་བསྒྲགས་བྱས་པ་རེད། བརྟག་དཔྱད་ལས་མངོན་པ་ལྟར་ན། 2021ལོར་རང་རྒྱལ་གྱི་རྒྱལ་དམངས་དར་མའི་ཕྱོགས་བསྡུས་དཔེ་ཀློག་ཚད་དང་མི་རེའི་ཆ་སྙོམས་ཀྱི་ཤོག་རིགས་དཔེ་དེབ་ཀློག་ཚད་སོགས་ཚང་མ་ལོ་གོང་མ་ལས་ཅུང་འཕར་ཡོད།

2021ལོར་རང་རྒྱལ་གྱི་སྤྱི་དམངས་དར་མས་དཔེ་དེབ་དང་ཚགས་པར་དང་། གྲངས་ཀའི་དཔེ་སྐྲུན་དངོས་པོ་ཚུད་པའི་སྨྱན་བྱད་སྣ་ཚོགས་ཀྱི་ཕྱོགས་བསྡུས་དཔེ་ཀློག་ཚད81.6%ཟིན་པ་དང་དེ2020ལོའི81.3%དང་བསྡུར་ན་བརྒྱ་ཆའི་གྲངས0.3ཇེ་མཐོར་སོང་ཡོད། དཔེ་དེབ་ལྟ་ཀློག་བྱེད་ཚད59.7%ཟིན་པ་དེ2020ལོའི59.5%དང་བསྡུར་ན་བརྒྱ་ཆའི་གྲངས0.2འཕར་ཡོད། གྲངས་འཛིན་ཅན་གྱི་ལྟ་ཀློག་བྱེད་སྟངས(དྲ་རྒྱའི་ཐོག་ནས་ལྟ་ཀློག་བྱེད་པ་དང་ལག་འཁྱེར་ཁ་པར་ཐོག་ནས་ལྟ་ཀློག་བྱེད་པ། གློག་རྡུལ་ལྟ་ཀློག་ཡོ་བྱད་སྤྱད་ནས་ལྟ་ཀློག་བྱེད་པ་སོགས)སྤྱོད་ཚད79.6%ཟིན་པ་དང་། 2020ལོའི79.4%ལས་བརྒྱ་ཆའི་གྲངས0.2འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཤོག་བུའི་དཔེ་དེབ་ཀློག་ཚད་དེབ4.76ཡིན་ལ། དེ་2020ལོའི་དེབ4.70ལས་མཐོ་བ་ཡོད། མི་རེའི་ཆ་སྙོམས་གློག་རྡུལ་དཔེ་དེབ་ཀློག་ཚད་དེབ3.30ཡིན་པ་དང་། 2020ལོའི་དེབ3.29ལས་མཐོ་བ་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།