ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128587223_16506383133391n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུ་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་ཀྱི་དོན་སྙིང་གལ་ཆེན་དང་ཁྱད་ཆོས་བླང་བྱར་ངོས་འཛིན་གང་ལེགས་བྱེད་པ། ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ཁྲིམས་འཛུགས་ལས་དོན་ཡག་པོར་སྒྲུབ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞིར་སྲུང་སྐྱོང་ནན་མོ་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ལོ་རྒྱུས་ལ་འགན་འཁུར་བ་དང་མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་ལམ་ལུགས་ཇུས་འགོད་ཡག་པོ་བྱས་ཏེ། ཁྲིམས་འཛུགས་ཀྱི་དམིགས་འབེན་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ཆེ་རུ་གཏོང་དགོས། གཅིག་ནས་སྐྱེ་ཁམས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཁྲོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་གང་ལེགས་བྱེད་དགོས། གཉིས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ་མངོན་གསལ་དོད་པོ་བསྐྲུན་ནས། བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་ནས་རྒྱལ་ཁབ་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་ནས། སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་དམ་པོར་སྲུང་སྟེ། ཁུལ་དབྱེའི་སྤྱོད་སྒོའི་དོ་དམ་ལམ་ལུགས་དང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ལམ་ལུགས་བསྐྲུན་དགོས། གསུམ་ནས་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སྲུང་སྐྱོང་སྔོན་ལ་བྱེད་པ་དང་སྔོན་ལ་སྔོན་འགོག་བྱེད་པ། རང་བྱུང་སླར་གསོ་བྱེད་པ་བཅས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། རི་ཆུ་ནགས་གསུམ་དང་ཞིང་ས། མཚོ་དང་མཚེའུ། བྱེ་དར་བཅས་ཀྱི་མ་ལག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་སྔར་ལས་ཆེ་རུ་གཏོང་དགོས། བཞི་ནས་སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དགོས། ལྔ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་དང་ཐོན་སྐྱེད།འཚོ་བ་བཅས་ལ་མཐུན་སྦྱོར་བྱེད་པ་དང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པའི་ཐོན་ལས་ཀྱི་བཀོད་པ་བཤམས་ནས། སྐྱེ་ཁམས་བཟང་པོ་འཕེལ་རྒྱས་གཏོང་བར་ཕན་པའི་འཚོ་བ་སྐྱེལ་སྟངས་གྲུབ་པར་བྱེད་དགོས།

ཧྲིན་ཡུའེ་ཡུའེ་ཡིས་ཚོགས་འདུར་འགོ་འཛིན་བྱས་པ་དང་ཏིན་ཀྲུང་ལིས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།