ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཟླ4པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་མཛད་ཅིང་། ཚོགས་འདུའི་འབྲེལ་ཡོད་བརྡས་ཐག་གཅོད་དོན་ཁག་གྲུབ་རྗེས། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བཞི་པའི་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་མཛད་ཅིང་། ཚོགས་འདུའི་འབྲེལ་ཡོད་བརྡས་ཐག་གཅོད་དོན་ཁག་གྲུབ་རྗེས། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། 

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་དུས་བཅད་ཚོང་ཟོག་དང་སླར་འགྱུར་དངོས་རྫས་ཀྱི་བཅའ་ཁྲིམས་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་ལས་རིགས་སློབ་གསོའི་བཅའ་ཁྲིམས་ཀྱིས་ཁྱོན་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཤིང་། དཔལ་འབྱོར་དངུལ་རྩ་དང་སློབ་གསོའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་དྲིལ་བསྒྲགས་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ཀྱིས་གཏན་འཁེལ་བའི་འགན་འཁྲི་ནན་ཏན་ངང་སྒྲུབ་ཏེ། ལེ་ལག་ཚང་བའི་གཏན་འབེབས་འཐུས་ཚང་དུ་བཏང་ནས། བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་ཐུབ་པར་ཁག་ཐེག་བྱེད་དགོས། ཚོགས་འདུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2021ལོའི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས་གྲོས་ཞིབ་བྱེད་སྐབས། 2021ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མགོ་ཡག་པོ་ཞིག་བཙུགས་ཡོད་སྙམ། སྔར་ལས་ལྷག་པའི་སྒོ་ནས་སྙན་ཞུའི་ལམ་ལུགས་འདི་འཐུས་ཚང་དང་ལག་བསྟར་ཡག་པོ་བྱས་ཏེ། ཁྲིམས་ལྟར་རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། 

 ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་ཀྲུང་དབྱང་གི་དམངས་འཐུས་ཚོགས་ཆེན་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཞིང་། རྩ་ཁྲིམས་དང་འདེམས་བསྐོའི་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་ལྟར། ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས། ཁྲིམས་ལྟར་བྱ་བ་ནན་གྱིས་སྒྲུབ་པ། སྐབས་བརྗེའི་སྒྲིག་ཁྲིམས་ཇེ་ནན་དུ་གཏོང་བ་བཅས་བྱས་ཏེ། འཐུས་མིའི“འཇུག་སྒོ”ཡག་པོ་སྲུང་བ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོ་གཙོ་སྐྱོང་ཡག་པོ་བྱེད་དགོས་ལ། འདེམས་བསྐོའི་ལས་ཁུངས་སོ་སོས་འདེམས་བསྐོའི་ལས་དོན་ཡག་པོར་སྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས། འདེམས་བསྐོའི་ལས་དོན་གྱི་སྤྱོད་ཚུལ་གཙང་སེལ་དང་གྲུབ་འབྲས་ལ་མི་དམངས་ཀྱི་བློ་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། སྐབས་འདིའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་བཙུགས་ཚུན་གྱི་བྱ་བས་དམངས་འཐུས་ཚོགས་ཆེན་ཀྱི་བྱ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་དང་འབྲེལ་བ་ཡོད་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། བགྲོད་ལམ་དང་ལམ་ལུགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་གསལ་བོར་ཤེས་ལ། དེ་དག་དོན་ཆུང་ཞིག་མིན་པར་དོན་ཆེན་ཞིག་ཡིན་པ་ང་ཚོར་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ཐོག་མཐའ་ཀུན་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་ཏེ། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱིས་འགན་འཁྲི་ནན་ཏན་ངང་བསྒྲུབ་ཏེ། སྐབས་འདིའི་དམངས་འཐུས་ཚོགས་ཆེན་ཀྱི་ལོ་རྒྱུས་ཀྱི་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་ཅིག་སྤྲོད་དགོས།  

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། མུ་མཐུད་དུ་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་ནན་འཛིན་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་ཆེན་པོ་དང་ལོ་རྒྱུས་ཀྱི་རང་རྟོགས་མཐོན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱིས་རང་འགན་གཙང་སྒྲུབ་དང་རང་འགུལ་གྱི་བྱ་སྤྱོད་ཧུར་ཐག་གིས་སྤེལ་ཏེ་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། གཅིག་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩི་བ་དང་། ཐོག་མཐའ་ཀུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”ལ་གོ་བ་གཏིང་ཟབ་བླངས་ནས། ཏང་གི་མགོ་ཁྲིད་དེ་དམངས་འཐུས་ཚོགས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། གཉིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་དམངས་འཐུས་ཚོགས་ཆེན་ཀྱི་བྱ་བར་སྐུལ་འདེད་གཏོང་བ་དང་། དམངས་འཐུས་ཚོགས་ཆེན་བྱ་བས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་སྤྱི་ཡོངས་ལ་ཞབས་ཞུ་དང་སྲུང་སྐྱོང་། འགན་ལེན་བཅས་བྱས་ཏེ། རང་ངོས་ཀྱི་འགན་ནུས་དང་ཁྱད་ཆོས་ལ་གཞི་ཚུགས་ནས། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི། ཕྱི་དོན་སོགས་ཀྱི་བྱ་བ་ནན་ཏན་ངང་ཡག་པོར་སྒྲུབ་དགོས། གསུམ་ནས་ཐོག་མཐའ་ཀུན་དུ་ནམ་ཡང་ལྷོད་གཡེང་མི་གཏོང་བ་དང་། ནམ་ཡང་རྣམ་གཡེང་མི་བྱེད་པའི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། མགོ་ཡོད་མཇུག་ཡོད་དང་བྱེད་མཁས་འགྲུབ་མཁས་བྱས་ནས། འཁུར་དགོས་ངེས་ཀྱི་འགན་འཁྲི་ཁུར་ཏེ་ལོ་ཧྲིལ་པོའི་ལས་འགན་ལེགས་སྒྲུབ་བྱེད་དགོས། བཞི་ནས་སྤྱོད་གཙང་སྲིད་སྐྱོང་དང་རང་གཅུན་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་ངོ་བོ་དམ་པོར་བསྲུངས་ནས། སྲིད་གཙང་འཛུགས་སྐྱོང་ནམ་ཡང་སྒྲུབ་པ་དང་། རང་ཉིད་ལ་བླང་བྱ་དེ་བས་ནན་པོ་བཏོན་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་ཐོག་མཐའ་ཀུན་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་སྤྱོད་རྒྱུར་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།