ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ས་མོ་ཡ་ཡི་གྲོས་དཔོན་ཕ་ཕ་ལི་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ས་མོ་ཡ་ཡི་གྲོས་དཔོན་ཕ་ཕ་ལི་དང་མཇལ་འཕྲད་གནང་། 

ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ས་མོ་ཡ་ཡི་གྲོས་དཔོན་ཕ་ཕ་ལི་དང་མཇལ་འཕྲད་གནང་།  

ཝང་དབྱང་གིས་བཤད་རྒྱུར། ས་མོ་ཡ་ནི་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་འཁོར47སོང་རིང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་ཐོགས་ཡོད། ཀྲུང་གོས་སྔར་རྒྱུན་བཞིན་ཟོལ་མེད་བརྩེ་སེམས་ཀྱིས་ས་མོ་ཡ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་དཔལ་འབྱོར་ཚོང་དོན་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད། ཞིང་ལས་དང་ཉ་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་སྟེ། སྤྱི་ཚོགས་ཀྱི་རིག་གནས་འབྲེལ་འདྲིས་གཏིང་ཟབ་དང་། རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་ས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་ས་མོ་ཡ་ཡི་གྲོས་ཁང་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྤྱི་ཚོགས་དང་དམངས་འདུན་གྱི་རྨང་གཞི་བརྟན་པོ་འདིང་འདོད་ཡོད། 

ཕ་ཕ་ལི་ཡིས་བཤད་རྒྱུར། ས་མོ་ཡ་ཡིས་ཀྲུང་གོའི་འབྲེལ་བར་གཅེས་འཛིན་བྱེད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཚད་མཐོའི་ཁས་ལེན་བྱེད་པ་དང་། ཀྲུང་གོས་སྒེར་སེམས་མེད་པའི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་འདོད་ཡོད། ས་མོ་ཡ་ཡི་གྲོས་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

 ལི་པིན་དང་སུའུ་ཧུའེ་མཇལ་འཕྲད་ནང་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།