ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུན་ཁྲང་མཁའ་སྐྱོད་གཏོང་འཕེན་བྱ་ཡུལ་དུ་རྟོག་ཞིབ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1128560623_16499384392861n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཝུན་ཁྲང་མཁའ་སྐྱོད་གཏོང་འཕེན་བྱ་ཡུལ་དུ་གཟིགས་ཞིབ་གནང་བར་ཕེབས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་འཕེན་གཏོང་བྱ་ཡུལ་གྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཝུན་ཁྲང་མཁའ་སྐྱོད་གཏོང་འཕེན་བྱ་ཡུལ་ནི་རང་རྒྱལ་གྱི་རབས་གསར་པའི་འབུད་ཤུགས་ཆེས་ཆེ་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱེད་ས་ཞིག་དང་། རང་རྒྱལ་གྱི་མཁའ་དབྱིངས་སུ་འཚོལ་ཞིབ་ཚད་ལེན་བྱེད་སའི་བཙན་རྫོང་གལ་ཆེན་ཞིག་ཀྱང་ཡིན་པས། རང་རྒྱལ་གྱི་མཁའ་སྐྱོད་མ་ལག་ཁྲོད་དམིགས་བསལ་གྱི་གོ་གནས་དང་ནུས་པ་གལ་ཆེན་ལྡན། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།  འཛམ་གླིང་གི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་སྙེག་པ་དང་། རྒྱལ་ཁབ་ཀྱི་མཁའ་སྐྱོད་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གསར་གཏོད་དང་མཁྲེགས་གཏོར་བྱེད་ཕོད་པ། དེང་རབས་ཅན་གྱི་མཁའ་སྐྱོད་གཏོང་འཕེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། འཛམ་གླིང་གི་མཁའ་སྐྱོད་གཏོང་འཕེན་བྱ་ཡུལ་རྩེ་གྲས་འཛུགས་སྐྲུན་བཅས་ཀྱི་ཐད་ཧུར་ཐག་བྱེད་དགོས།

1128560623_16499384805451n.jpg

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོར་གཏན་འཁེལ་བྱས་པའི་བཀོད་སྒྲིག་གཞིར་བཟུང་ནས། རང་རྒྱལ་གྱིས་བར་སྣང་ས་ཚིགས་སྐྲུན་པའི་ལས་འགན་ཡོངས་འགྲུབ་བྱ་རྒྱུ་དང་། གནམ་གྲུ་རྟགས་ཅན་གྱི་དངོས་སྐྱེལ་འཕུར་གྲུ་བཞི་པ་དང་ལྔ་པ།  ཝུན་ཐེན་རྟགས་ཅན་དང་། མིན་ཐེན་རྟགས་ཅན་གྱི་ཚོད་ལྟའི་གྲུ་ཚང་བཅས་ཝུན་ཁྲང་མཁའ་སྐྱོད་གཏོང་འཕེན་བྱ་ཡུལ་ནས་འཕེན་གཏོང་བྱ་རྒྱུ་ཡིན། ལས་དོན་དེར་གྲ་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས། ལག་བསྟར་ཞིབ་ཚགས་བཅས་བྱས་ནས། འཕེན་གཏོང་ལས་འགན་ཡོངས་འགྲུབ་ཡོང་བར་འགན་ལེན་བྱས་ཏེ། བསམ་སྦྱོར་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཀྲང་ཡིའུ་ཞ་སོགས་རྟོག་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།