ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཀྲུང་གོའི་དམིགས་བསལ་ཐོན་རྫས་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་མིང་གཞུང་འཛུགས་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམིགས་བསལ་ཐོན་རྫས་རིམ་པའི་ཡུལ་སྐོར་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་ཚད་གཞི《ཡུལ་སྐོར་ཐོན་ཁུངས་རིགས་དབྱེ་དང་བརྟག་ཞིབ། གདེང་འཇོག》ཁྲོད་ཀྱི་རིམ་པ་མཐོ་ཤོས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡིན། ཚེས30ཉིན་གསར་འགོད་པས་དྲ་ཐོག་ཏུ་སྤེལ་བའི་རིག་གནས་དང་ཡུལ་སྐོར་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ད་ལོར་ཀྲུང་གོའི་དམིགས་བསལ་ཐོན་རྫས་རིམ་པའི་ཡུལ་སྐོར་ཐོན་ཁུངས་མིང་གཞུང་འཛུགས་པའི་ལས་དོན་སྤེལ་རྒྱུ་རེད།

རིག་གནས་དང་ཡུལ་སྐོར་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞུའུ་ཞ་ཡིས་ཀྲུང་གོའི་དམིགས་བསལ་ཐོན་རྫས་རིམ་པའི་ཡུལ་སྐོར་ཐོན་ཁུངས་མིང་གཞུང་འཛུགས་སྐྲུན་བྱེད་པ་དེས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱེད་པར་ཕན་པ་ཡོད་པ་དང་། རིམ་པ་མཐོ་བའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱ་རྒྱུར་ཕན་ཐོགས་ཡོད་ལ། ཁྱོན་ཡོངས་ནས་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བསྟན།

1.jpg

རིག་གནས་དང་ཡུལ་སྐོར་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞུའུ་ཞ།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ས་གནས་ཀྱི་ཡོངས་ཁྱབ་ཞིབ་བཤེར་རེ་ཞུའི་རྨང་གཞིའི་ཐོག ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་དམིགས་བསལ་ཐོན་རྫས་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་མིང་གཞུང་ཁག་དང་པོ་ཞིབ་དཔྱད་གཏན་འཁེལ་བྱ་རྒྱུ་དང་འབྲེལ་ལོ་མཇུག་སྔོན་ལ་ཁྱབ་བསྒྲགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།