ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨ་མན་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མ་ཝ་ལི་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས23ཉིན་པེ་ཅིང་དུ་བརྙན་ལམ་ནས་ཨ་མན་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མ་ཝ་ལི་དང་མཇལ་འཛོམས་གནང་བ་རེད།

4.jpg

ཟླ3པའི་ཚེས23ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ཨ་མན་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་མ་ཝ་ལི་དང་མཇལ་འཛོམས་གནང་བ་རེད། 

ཝང་དབྱང་གིས་ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧའེ་སའེ་མུའུ་སུའུ་ཏན་གྱི་ཐུགས་ཁུར་དང་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་མན་གྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་སྲ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཨ་མན་རྒྱལ་ཁབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཨ་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། རིམས་ནད་འགོག་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་སྔར་བས་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨ་མན་གྲོས་མོལ་གྲོས་ཚོགས་དང་མཉམ་དུ་འབྲེལ་འདྲེས་ལ་སྔར་བས་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

མ་ཝ་ལི་ཡིས་ཉེ་ཆར་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་བར་འཚམས་འདྲི་ཞུས་པ་དང་འབྲེལ་ཀྲུང་གོའི་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བ་རེད། ཁོང་གིས་ཨ་མན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དངམཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་དང་། ཨ་མན་གྲོས་མོལ་ཚོགས་འདུས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་བརྗེ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ཆེད་ནུས་པ་འདོན་འདོད་ཡོད་ཅེས་གསུངས།

ལི་པིན་དང་ཀའོ་ཡུན་ལུང་མཇལ་འཛོམས་ནང་ཞུགས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།