ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྨན་རྫས་ལྟ་ཞིབ་ཅུའུ་ཡིས་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་གསར་པ19ལ་ཆོག་མཆན་སྤྲད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས23ཉིན་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིབ་བཤེར་བྱས་པ་བརྒྱུད་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་འགོག་སྨན་རྫས་ཐོན་རྫས2ལ་ཆོག་མཆན་སྤྲད་པ་རེད། ཟླ3པའི་ཚེས23ཉིན་བར་དུ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་པྲོག་གསར་ནད་དུག་གི་འགོག་ཁབ་སྨན་རྫས་ཐོན་རྫས19ལ་ཆོག་མཆན་སྤྲད་ཡོད།

པྲོག་གསར་གློ་ཚད་ནད་དུག་འགོག་སྨན་ནི《པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོག་སྨན་བེད་སྤྱོད་ཇུས་གཞི(ཚོད་ལྟའི་ལག་བསྟར)》(མཉམ་འགོག་མཉམ་བཅོས་ལམ་སྲོལ་ཀྱི་ཕྱོགས་བསྡུས་ཡིག་ཆ〔2022ལོ〕ཨང21པ)ནང་གཏན་འབེབས་བྱས་པའི་མི་ཚོགས་ལ་སྤྱོད་རྒྱུ་རེད།

སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་ཐོན་རྫས་ཁྲོམ་རར་བཏོན་རྗེས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ནད་པའི་བེད་སྤྱོད་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་རེད། །

1.png


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།