ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་བར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨའར་ཝེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་བར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨའར་ཝེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། སྐུ་ཉིད་རྒྱལ་ཁབ་ཀྱི་ཁའེ་ཕུའུ་ཞིང་ཆེན་པའེ་ཧྲ་ཝ་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ཞིང་། ཤི་རྨས་ཚབས་ཆེན་བྱུང་བར་ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་རྒྱུ་མ་ཟད། རྨས་མ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་རྣམས་ལ་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་འདིར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་། རྒྱལ་ཁབ་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། 

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།