ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པའི་ཚེས1ཉིན་ནས་བཟུང་ཆེད་གཏོགས་ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་རྒྱལ་ཡོངས་སུ་རྒྱ་བསྐྱེད་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དངུལ་ཁང་གི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་སྟེང་ཟླ2པའི་ཚེས21ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཟླ3པའི་ཚེས1ཉིན་ནས་བཟུང་ཆེད་གཏོགས་ཚོང་ལས་ཀྱི་རྒན་གསོ་འགན་བཅོལ་ཚོད་ལྟའི་ཁྱབ་ཁོངས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་རྒྱུ་དང་། སྔོན་ཆད་ཚོད་ལྟའི་འགན་བཅོལ་ཀུང་སི6གི་རྨང་གཞིའི་སྟེང་རྒན་གསོ་འགན་བཅོལ་ཀུང་སི་ཚོད་ལྟའི་ནང་ཞུགས་ཆོག་པ་རེད། 

ཆེད་གཏོགས་ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ་ནི་རྒན་གསོའི་འགན་སྲུང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། ལོ60ཡན་གྱི་མི་སྒེར་གྱི་རྒན་གསོའི་ལོ་ཕོགས་ཀྱི་འགན་བཅོལ་ཐོན་རྫས་ལ་ཟེར། ཐོན་རྫས་ཇུས་འགོད་ལ་གསོག་འཇོག་དུས་ཡུན་དང་ལེན་པའི་དུས་ཡུན་གཉིས་ཡོད་ཅིང་། ལེན་པའི་དུས་ཡུན་ནི་ལོ10ལས་ཐུང་མི་རུང་། 

2021ལོའི་ཟླ6པ་ནས་བཟུང་། ཀྲེ་ཅང་ཞིང་ཆེན(ཉིང་པོ་གྲོང་ཁྱེར་འདུས་པ)དང་ཁྲུང་ཆིང་གྲོང་ཁྱེར་དུ་ཆེད་གཏོགས་ཚོང་ལས་རྒན་གསོའི་འགན་བཅོལ་ཚོད་ལྟ་བྱས་པ་རེད། 2022ལོའི་ཟླ1པོའི་ཟླ་མཇུག་བར་ཚོད་ལྟའི་ཀུང་སི6གིས་བསྡོམས་པས་འགན་བཅོལ་འཛིན་ཤོག་ཁྲི5ཙམ་འགན་ལེན་བྱས་པར་བསྡོམས་པས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར4ལ་སླེབས་ཡོད། 

དངུལ་ཁང་ལས་རིགས་ཀྱི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་འཛད་སྤྱོད་པར་རྒན་གསོའི་ནུས་པ་ཅུང་ཆེན་པོ་ལྡན་པའི་ཆེད་གཏོགས་ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ་ཐོན་རྫས་འཕྲད་དུ་བཅུག་སྟེ། རྒན་གསོའི་དངུལ་རྩའི་འཛད་སྤྱོད་འདུ་ཤེས་སྔར་ལས་ཁྲིད་སྟོན་དང་སྐྱེད་སྲིང་བྱེད་དགོས་པ་དང་། ཚོད་ལྟའི་འགན་བཅོལ་ཀུང་སིས་ཚོང་ལས་ཀྱི་རྒན་གསོ་འགན་བཅོལ་འཕེལ་རྒྱས་ཀྱི་ཉམས་མྱོང་འཚོལ་ཞིབ་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀ་རྟེན་གསུམ་པའི་རྒན་གསོ་འགན་བཅོལ་འཕེལ་རྒྱས་ལ་སྐུལ་འདེད་དང་ཚད་ལྡན་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བའི་རྒན་གསོ་འགན་ལེན་གྱི་དགོས་མཁོ་སྔར་ལས་སྐོང་བར་ཕན་པ་ཡོད་པར་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།