ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་ཀྲུང་ལུགས་སྨན་རྫས་ཐོག་མ་ཞང་ཀང་དུ་འབྱོར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱིས་ཞལ་འདེབས་ཕུལ་བའི་རིམས་འགོག་ཀྲུང་ལུགས་སྨན་རྫས་སྒམ་ཁྲི15ཚེས20ཉིན་ཞང་ཀང་དུ་དབོར་བ་དང་ད་དུང་ཀྲུང་ལུགས་སྨན་སྒམ་ཁྲི་30ལྷག་ཙམ་ཁག་དབྱེ་ནས་ནང་ལོགས་ནས་དབོར་རྒྱུ་ཡིན་པ་རེད། ནང་ལོགས་ནས་མཁོ་འདོན་བྱས་པའི་ཁག་དང་པོའི་རིམས་འགོག་སྨན་རྫསKN95ཁ་རས་ཁྲི2500ཡང་ཉེ་ཆར་སྔ་རྗེས་སུ་ཞང་ཀང་དུ་འབྱོར་ཡོད།

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་ཆིའུ་ཐེང་ཧྭ་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་གི་གྲོང་མིར་ཐུགས་ཁུར་གནང་བ་དང་དེ་བཞིན་ཞང་ཀང་གི་རིམས་ནད་འགོག་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་དབྱང་གི་རིམས་ནད་འགོག་པའི་ཉམས་མྱོང་ཐད་ཀྱི་མཛུབ་སྟོན་དང་མི་ཤུགས་དངོས་རྫས་ཀྱི་རོགས་སྐྱོར་གང་ལེགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་བྱུང་ཐེངས་ལྔ་པར་ཁ་གཏད་འཇལ་དགོས་ཞེས་བསྟན།

མིག་སྔར་ཆིའུ་ཐེང་ཧྭ་ཡིས་སྤྱི་འདོམས་འགན་འཁུར་བྱེད་པའི་སྨན་བཅོས་དངོས་ཟོག་འགན་ལེན་ལས་དོན་ཚོགས་ཆུང་གིས་ནང་ལོགས་ནས་མཁོ་འདོན་བྱས་པའི་སྨན་བཅོས་དངོས་ཟོག་ཞང་ཀང་དུ་སྤྱི་འདོམས་བྱེད་པའི་ལས་དོན་ཧུར་ཐག་ངང་སྒྲུབ་བཞིན་ཡོད། ཁོང་གིས་ལས་དོན་ཚོགས་ཆུང་གིས་མགྱོགས་མྱུར་སྒོས་ནང་ལོགས་ཀྱི་སྨན་བཅོས་དངོས་ཟོག་འབོར་ཆེན་མཁོ་འདོན་བྱ་རྒྱུའི་ཐད་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་།དེའི་ནང་གདོད་མའི་ནད་དུག་སྔོན་འགོག་གི་ཚོད་ལྟའི་ཁུག་མ་དང་། ཁ་རས། སྨན་རྫས། སྲུང་སྐྱོབ་སྒྲིག་ཆས། སྨན་བཅོས་ཡོ་བྱད་སོགས་ཚུད་ཡོད། རིམས་འགོག་དངོས་ཟོག་གོ་རིམ་ལྡན་པའི་ངང་ཞང་ཀང་དུ་དབོར་བ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་དང་སྒྲིག་གཞི། ཡུལ་མི་བཅས་ལ་བགོ་སྤྲོད་བྱེད་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བཤད།

“སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་ལོགས་དབྱེ། སྔ་མོ་ནས་སྨན་བཅོས”བཅས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གདོད་མའི་ནད་དུག་སྔོན་འགོག་གི་ཚོད་ལྟའི་ཁུག་མ་དུང་ཕྱུར1ལྷག་ཙམ་ཉོ་སྒྲུབ་བྱས་པ་མ་ཟད། ཉེན་ཁ་ཆེ་བ་དང་དམིགས་བསལ་གཏན་འཁེལ་ཚོགས་པར་དམིགས་སུ་བཀར་ནས་འགྲེམ་གཏོང་བྱས། མིག་སྔར། ནང་ལོགས་ནས་མཁོ་འདོན་བྱས་པའི་ཁག་དང་པོའིགདོད་མའི་ནད་དུག་སྔོན་འགོག་གི་ཚོད་ལྟའི་ཁུག་མ་ཁྲི1000ཙམ་ཚེས19ཉིན་སྔ་རྗེས་སུ་ཞང་ཀང་དུ་འབྱོར་བ་དང་དེ་འཕྲོའི་ཚོད་ལྟའི་ཁུག་མའང་བསྟུད་མར་དབོར་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།