ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས“ནན་ཤོས་བཞིའི”བླང་བྱ་རྩ་བའི་གཞི་འཛིན་སར་བྱས་ནས་ཟས་རིགས་བདེ་འཇགས་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ནན་ཤོས་བཞིའི”བླང་བྱ་རྩ་བའི་གཞི་འཛིན་སར་བྱས་ནས་ཟས་རིགས་བདེ་འཇགས་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཧན་ཀྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་མགོ་འཛིན་མཛད་དེ་གསུང་བཤད་གནང་། ཚོགས་འདུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། 2021ལོའི་ཟས་རིགས་བདེ་འཇགས་བྱ་བར་ཕྱོགས་སྡོམ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། 2022ལོའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཟླ2པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ཧན་ཀྲིན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་མགོ་འཛིན་མཛད་དེ་གསུང་བཤད་གནང་།   

ཟས་རིགས་བདེ་འཇགས་བྱ་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས། ཧན་ཀྲིན་གྱིས་བསྟན་དོན། ཟས་རིགས་བདེ་འཇགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། བསམ་བློའི་ངོས་འཛིན་དང་སྤྱོད་སྟངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་དགོས་ལ། “ནན་ཤོས་བཞིའི”བླང་བྱ་རྩ་བའི་གཞི་འཛིན་སར་བྱས་ཏེ། ཉེན་ཁའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཆང་བ། ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཚང་མ་བརྟན་པོ་འཛུགས་པ་བཅས་བྱས་ནས། ཟས་རིགས་བདེ་འཇགས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཐོག་མཐའ་ཀུན་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་གཙོ་གནད་གནད་དོན་ལ་དམ་པོར་དམིགས་ཏེ། ཟས་རིགས་བདེ་འཇགས་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་ཤུགས་བསྣན་ཏེ། ཞིང་སྨན་དང་ཕྱུགས་སྨན་བེད་སྤྱོད་དོ་དམ་ཚད་ལྡན་དང་། ཐོན་ཡུལ་གྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། འབྱུང་རྩ་ནས་སྦགས་བཙོག་ཅན་གྱི་ཟས་རིགས་ཁྲོམ་ར་དང་གསོལ་ལྕོག་ཐོག་བྱུང་བར་བཀག་འགོག་བྱེད་དགོས། ཚད་གཞིའི་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་སྟེ། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་རྗེས་སྙེག་དཔྱད་དཔོག་ལ་ཤུགས་སྣོན་བཅས་བྱས་ནས། ལྟ་སྐུལ་དོ་དམ་ལ་འཕྲལ་དུ་མཁོ་བའི་ཚད་བཀག་དམིགས་ཚད་དང་ཞིབ་དཔྱད་བྱ་ཐབས་གང་མགྱོགས་ངང་བཟོ་དགོས། ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་དང་། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་ཁྱབ་གདལ་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཟས་རིགས་བདེ་འཇགས་ཆ་འཕྲིན་ཁུངས་འདེད་ལས་སྟེགས་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། གྲངས་འཛིན་ཆེན་མོའི་དབྱེ་ཞིབ་བཀོལ་སྤྱོད་ལ་ཤུགས་སྣོན་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ་དང་ལས་ཀའི་གསལ་ཚད་ཆེ་རུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཟས་རིགས་བདེ་འཇགས་ལ་ཐུན་མོང་ཐོག་དོ་ཁུར་དང་ཐུན་མོང་ཐོག་བཅོས་སྐྱོང་། ཐུན་མོང་ཐོག་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགན་འཁྲི་དོན་འཁྱོལ་སྲ་ནན་སྒོས་བྱ་བའི་འགྲིལ་ཤུགས་ཆགས་པ་བྱས་ཏེ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཁྲུན་ཧྭ་དང་། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། 

ཁྲོམ་རའི་ལྟ་སྐུལ་སྤྱི་ཁྱབ་ཅུའུ་དང་སྤྱི་བདེ་པུའུ། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས། ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཆེད་མཁས་པ་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།