ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་མའོ་ཞི་ཁོའི་ཙུང་ཐུང་ལའོ་ཕའེ་སི་ཡིས་ཀྲུང་མའོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ2པའི་ཚེས14ཉིན་མའོ་ཞི་ཁོ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ལའོ་ཕའེ་སི་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མའོ་རྒྱལ་ཁབ་གཉིས་ནི་དཔལ་ཡོན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་ཕན་ཚུན་མཛའ་བརྩེ་ཟབ་ལ་འབྲེལ་འདྲིས་ཀྱི་ཡུན་རིང་བ་ཡིན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཙམ་གྱི་རིང་དང་ལྷག་པར་དུ2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཚུན། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་ཉིན་བཞིན་ཇེ་ཟབ་དུ་ཕྱིན་པ་དང་ཁྱབ་ཁོངས་སོ་སོའི་མཛའ་བརྩེའི་མཉམ་ལས་བརྗེ་རེས་གཏིང་ཟབ་དུ་སོང་ཡོད། དུས་རབས་ཀྱི་རིམས་ནད་ལ་གདོང་གཏོད་དུས། ཀྲུང་མའོ་རྒྱལ་ཁབ་གཉིས་ནི་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་ཀྱིས་རྒྱལ་སྤྱིའི་མཐུན་སྒྲིལ་རིམས་འགོག་གི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་མའོ་ཡི་མཛའ་བརྩེའི་ལྗོན་ཤིང་གི་རྩྭ་བ་ཟབ་ཅིང་ཡལ་འདབ་རྒྱས་ཡོད་པ་དང་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དོན་དངོས་ཀྱི་ཁེ་ཕན་གང་མང་བསྐྲུན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་མའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་དང་། ཙུང་ཐུང་ལའོ་ཕའེ་སི་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། ལག་གདང་མཉམ་འབྲེལ་དང་སྔ་འཛིན་ཕྱི་གཏོད་སྒོས་སྲོལ་རྒྱུན་མཛའ་བརྩེ་གོང་སྤེལ་དང་། གཉིས་ཁེ་མཉམ་ལས་གཏིང་ཟབ་དུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། མུ་མཐུད་དུ་ཀྲུང་མའོ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་ནམ་ཡིན་ཡང་ཕན་ཚུན་ཡིད་རྟོན་ཆོག་པའི་གྲོགས་པོ་བཟང་བོ་དང་ཐུན་མོང་གིས་དར་རྒྱས་ལ་ལོངས་སྤྱོད་བྱེད་པའི་རོགས་ཟླ་བཟང་བོར་བསྒྱུར་འདོད་ཡོད།

ལའོ་ཕའེ་སི་ཡིས་བསྟན་དོན། ལོ་ངོ50རིང་། མའོ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་སྲ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་བཙུགས་ཤིང་། ཆབ་སྲིད་དང་དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་སོ་སོ་བར་བརྗེ་རེས་དང་མཉམ་ལས་གཏིང་ཟབ་སྤེལ་ཡོད་པས། འདི་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་སྒོས་རིམས་ནད་འགོག་རྒོལ་བྱེད་པའི་གོ་རིམ་ཁྲོད་མངོན་པར་མཚོན་ཡོད། མའོ་ཞི་ཁོ་ཕྱོགས་ཀྱིས་རིམས་འགོག་ཁྲོད་ཀྲུང་གོས་ང་ཚོར་རོགས་རམ་གང་ལེགས་བྱས་པ་དེ་ནམ་ཡང་བརྗེད་མི་སྲིད་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན། མིག་སྔར། མའོ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནི་དུས་བསྟུན་ལྷན་བསྐྱོད་དང་ཉིན་བཞིན་སྲ་བརྟན་དུ་གྱུར་ནས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་ས་ཁུལ་དང་ཕྱོགས་མང་རིམ་པའི་ཐད་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་དགོས། ངས་མའོ་ཀྲུང་གི་འབྲེལ་བ་ནི་ནམ་ཡང་སྲ་བརྟན་འགྱུར་མེད་དང་གསོན་ཤུགས་ཀྱིས་ཁེངས་བར་ཡིད་ཆེས་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།