ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི3.98ཇེ་མང་དུ་སོང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ1པོའི་དངུལ་རྩའི་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། ཟླ1པོར་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི3.98ཇེ་མང་དུ་སོང་ཞིང་། ཟླ་གཅིག་རིང་གི་བསྡོམས་རྩིས་ཀྱི་ཆེས་མཐོ་བ་ཡིན་ལ། དུས་མཉམ་ལས་སྒོར་དུང་ཕྱུར3944ཇེ་མང་དུ་སོང་ཡོད།

སྡེ་ཁག་དབྱེ་ནས་བལྟས་ན། སྡོད་ཁྱིམ་གྱི་དངུལ་བུན་སྒོར་དུང་ཕྱུར8430ཇེ་མང་དུ་སོང་བ་དང་། དེའི་ནང་དུས་ཡུན་ཐུང་ངུའི་དངུལ་བུན་སྒོར་དུང་ཕྱུར1006ཇེ་མང་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར7424ཇེ་མང་དུ་སོང་ཡོད། ཁེ་ལས་ལས་དོན་ལས་ཁུངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི3.36ཇེ་མང་དུ་སོང་བ་དང་། དེའི་ནང་དུས་ཡུན་ཐུང་ངུའི་དངུལ་བུན་སྒོར་དུང་ཕྱུར་ཁྲི1.01ཇེ་མང་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི2.1ཇེ་མང་དུ་སོང་ལ། དངུལ་འཛིན་གྱི་དངུལ་རྩ་མཉམ་འདྲེས་ལ་སྒོར་དུང་ཕྱུར1788ཇེ་མང་དུ་སོང་ཡོད། དངུལ་ཁང་མ་ཡིན་པའི་དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་སྒོར་དུང་ཕྱུར་1417ཆག་ཡོད།

ཟླ1པོའི་ཟླ་མཇུག་ཏུ། ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི202.59ཡིན་པ་དང་དུས་མཉམ་ལས11.2%འཕར་ཡོད། ཟླ་མཇུག་ཏུ་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི196.65ཡིན་པ་དང་དུས་མཉམ་ལས11.5%འཕར་བ་དང་། འཕར་ཚད་དེ་ཟླ་སྔོན་མ་དང་ལོ་སྔོན་མའི་དུས་མཉམ་ལས་སོ་སོར་བརྒྱ་ཆའི་ཚེག0.1དང་བརྒྱ་ཆའི་ཚེག1.2ཡིས་དམའ་བ་ཡིན། 

ཟླ1པོར་སྤྱི་ཚོགས་དངུལ་རྩ་མཉམ་འདྲེས་ཀྱི་གཞི་ཁྱོན་གྱི་འཕར་ཚད་ནི་སྒོར་དུང་ཕྱུར་ཁྲི6.17ཡིན་པ་དང་། ལོ་སྔོན་མའི་དུས་མཉམ་ལས་སྒོར་དུང་ཕྱུར9842ཡིས་མང་བ་རེད། དེའི་ནང་དངོས་གཞིའི་དཔལ་འབྱོར་ལ་བྱིན་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི4.2ཇེ་མང་ལ་སོང་ཞིང་དེ་ནི་ཟླ་གཅིག་གི་བསྡོམས་རྩིས་ཀྱི་ཆེས་མཐོ་ཡིན་པ་དང་། དུས་མཉམ་ལས་སྒོར་དུང་ཕྱུར3806ཡིས་མང་དུ་འཕར་ཡོད། ཟླ1པོའི་ཟླ་མཇུག་ཏུ་སྤྱི་ཚོགས་དངུལ་རྩ་མཉམ་འདྲེས་ཀྱི་གཞི་ཁྱོན་གྱི་གསོག་ཚད་ནི་སྒོར་དུང་ཕྱུར་ཁྲི320.05ཡིན་པ་དང་། དུས་མཉམ་ལས10.5%འཕར་ཡོད། དེའི་ནང་དངོས་གཞི་དཔལ་འབྱོར་ལ་བྱིན་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གྱི་ལྷག་གྲངས་ནི་སྒོར་དུང་ཕྱུར་ཁྲི195.71ཡིན་ལ་དུས་མཉམ་ལས11.6%འཕར་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།