ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཡིག་རྒྱུགས་ལེན་མི་དགོས་པར་ཐག་ཉེ་ས་ནས་སློབ་ཞུགས་ཡོངས་སུ་ཁྱབ་པ་དོན་འཁྱོལ་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས8ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། སློབ་གསོ་པུའུ་ཡིས2022ལོའི་བྱ་བའི་གཙོ་གནད་ཁྲོད་འོས་འགན་སློབ་གསོའི་སྤུས་ལེགས་ཆ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བཏོན། སྤུས་ལེགས་ཆ་སྙོམས་གྱི་གཞི་རྩའི་སྤྱི་པའི་སློབ་གསོ་ཞབས་ཞུའི་མ་ལག་གི་བསམ་འཆར་གཏན་འབེབས་བྱས་ཏེ། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་སྤུས་ལེགས་ཆ་སྙོམས་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་མཛུབ་སྟོན་བྱ་རྒྱུ་དང་། སྡེ་ཚོགས་ཅན་གྱི་སློབ་གཉེར་མཛུབ་སྟོན་བསམ་འཆར་ཞིབ་འཇུག་གསར་བཟོ་བྱ་རྒྱུ། ཕྱོགས་ཡོངས་ནས་རྒྱུགས་ལེན་མི་དགོས་པར་ཐག་ཉེ་ས་ནས་སློབ་ཞུགས་ཡོངས་སུ་ཁྱབ་པ་དང“གཞུང་བཙུགས་དང་དམངས་གཉེར་གྱིས་མཉམ་དུ་སློབ་མ་བསྡུ་བ”བྱ་བ་དོན་འཁྱོལ་བྱས་ནས། ས་གནས་སོ་སོས་སློབ་གྲྭའི་ས་ཁོངས་དབྱེ་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱེད་དགོས། མཉམ་ཁྲིད་བུ་ཕྲུག་གི་སློབ་ཞུགས་བྱ་བ་གཏིང་ཟབ་སྒོས་ལེགས་པོར་སྒྲུབ་ཏེ། སློབ་ཁོངས་དོ་དམ་བྱེད་ཐབས་བཟོ་བཅོས་དང་གཏན་འབེབས་བྱས་ནས། སློབ་ཁོངས་དོ་དམ་ཚན་ལྡན་དུ་གཏོང་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།