ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་མ་ཐ་ལའེ་ལཱ་ཡིས་དབྱི་ཐ་ལིའི་ཙུང་ཐུང་གི་ལས་འགན་བསྟུད་འཛིན་གནང་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ2པའི་ཚེས4ཉིན་སའེ་ཨར་ཅའོ་མ་ཐ་ལའེ་ལཱ་ལ་གློག་འཕྲིན་བཏང་ནས། ཁོས་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་ལས་འགན་བསྟུད་འཛིན་གནང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱི་འབྲེལ་བར་ལོ་རྒྱུས་མཛའ་བརྩེའི་རྨང་གཞི་ཟབ་པ་དང་། དམངས་སེམས་ཀྱི་རྨང་གཞི་དང་སྲ་བརྟན་གྱི་ཁེ་ཕན་འབྲེལ་བ་ལེགས་པོ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག མཉམ་ལས་གཉིས་ཕན་གྱི་མིག་དཔེ་བཙུགས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཧུར་བརྩོན་གྱིས་རིམས་འགོག་མཉམ་ལས་སྤེལ་ཏེ། ཐུན་མོང་སྒོས་ཀྲུང་དབྱི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས་པ་དང་། ཕན་ཚུན་རྒྱབ་སྐྱོར་གྱིས2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང2026ལོའི་སྨིས་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་སྤེལ་རྒྱུ་ཡིན་ཞིང་། ཀྲུང་དབྱི་རིག་གནས་དང་ཡུལ་སྐོར་ལོ་ཀྱང་མི་འགྱང་པར་སྤེལ་རྩིས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་གོ་སྐབས་མང་པོ་བསྩལ་ཡོད། ངས་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་གནང་བཞིན་ཡོད་པས། ཙུང་ཐུང་མ་ཐ་ལའེ་ལཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་རྟོན་གཏིང་ཟབ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས། ཐུན་མོང་གིས་ཀྲུང་དབྱི་འབྲེལ་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་བསྐྲུན་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།