ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཝུའུ་ཆི་ཆི་ཀྲུང་གོར་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སེར་ཝེ་ཡ་ནི་གྲོགས་པོ་བཟང་པོ་ཡིན་ལ། རྒྱལ་ཁབ་གཉིས་བར་དུ་ཆབ་སྲིད་ཀྱི་ཡིད་ཆེས་ཆེན་པོ་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བས་འགྱུར་ལྡོག་གི་ཉམས་སད་ཆེན་པོ་ཐེག་མྱོང་བས། རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་རེད་ཅེས་བཤད་ཆོག ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཆོང་སྐྱོད་ཀྱིས་གོང་དུ་འཕེལ་བ་དང་། ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས། ཐོན་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་གལ་ཆེན་སྐོར་ཞིག་དོན་འཁྱོལ་བྱས་པ་དེ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྔོན་གྲལ་དུ་ཚུད་ཡོད། པྲོག་གསར་གློ་ཚད་བྱུང་རྗེས། ཀྲུང་གོ་དང་སེར་ཝེ་ཡས་ཕན་ཚུན་རོགས་རེས་དང་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་རྣམ་པ་གསར་པ་བཏོད་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བག་ཆགས་བཟང་པོ་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མདུན་དུ། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་པོར་དམིགས་ནས་ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་བརྩེ་འཛིན་སྐྱོང་བྱས་ཏེ ཕན་ཚུན་གྱི་གཞི་རྩ་དང་ཡུན་རིང་གི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་སེར་ཝེ་ཡའི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་ལྷོད་མེད་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་པ་སོགས་བྱས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་སྲོལ་རྒྱུན་མཛའ་མཐུན་དེ་དངོས་གཉེར་མཉམ་ལས་ཀྱི་ཕན་འབྲས་སྔར་ལས་མང་པོར་བསྒྱུར་དགོས། ཀྲུང་གོ་དང་སེར་ཝེ་ཡའི་མཛའ་མཐུན་དམངས་བློའི་རྨང་གཞི་ཧ་ཅང་བརྟན། ཀྲུང་གོས་སེར་ཝེ་ཡ་བར་གྱི་ཕྱོགས་མང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་མྱུར་དུ་དོན་འཁྱོལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་བཀའ་དྲིན་ཆེ། ང་ཚོས་ཀྲུང་གོ་མི་དམངས་ཀྱིས་ང་ཚོར་བཅངས་པའི་མཛའ་བརྩེ་ཟབ་མོ་སེམས་ཀྱིས་ཚོར་ཡོད། སེར་ཝེ་ཡ་ནི་ཀྲུང་གོའི་གྲོགས་པོ་ངོ་མ་ཡིན་པ་དང་། སེར་ཝེ་ཡས་ཀྲུང་གོར་བརྩི་བཀུར་བྱེད་བཞིན་ཡོད། ཀྲུང་གོའི་རླབས་ཆེ་བའི་འགོ་ཁྲིད་ནུས་ཤུགས་ལ་ཡིད་སྨོན་བྱེད་བཞིན་ཡོད། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། སེར་ཝེ་ཡས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་འཚོང་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།