ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སོ་དགུ་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

41bbb1fcfc124006ae2557dd6ff17b26.jpg.pngརྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་གསུམ་ཉིན་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སོ་དགུ་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་གསུམ་ཉིན་བརྙན་ལམ་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སོ་དགུ་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་སྐབས་སུ་པེ་ཅིང་དུ་ལྷན་འཛོམས་བྱུང་བར་མ་ཟད་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱ་དང་སོ་དགུ་པ་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་དུས་རབས་ཀྱི་པྲོག་གསར་གློ་ཚད་རིམས་ནད་བསྣོལ་མར་འདྲེས་པ་དང་། འཛམ་གླིང་ཟང་ཟིང་གི་འཕོ་འགྱུར་དུས་སྐབས་གསར་པར་སླེབས་པས། མིའི་རིགས་འགྲན་རྩོད་སྣ་མང་ལ་འཕྲད་ཡོད། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་གིས་ཨོ་ལིན་ཕིག་ལས་འགུལ་ལ་འགོ་ཁྲིད་དེ་ཞུམ་མེད་མདུན་སྐྱོད་བྱས་ཏེ། འཛམ་གླིང་ཡོངས་ཀྱིས་དཀའ་ངལ་མཉམ་སེལ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བར་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཡོད། རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཡུན་རིང་པོར་ཀྲུང་གོའི་ལུས་རྩལ་ལས་དོན་གོང་དུ་སྤེལ་བར་བྱས་རྗེས་བཟང་པོ་བཞག་པ་དང་། ཀྲུང་གོས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བར་རེ་ཞུ་བྱེད་པ་དང་གྲ་སྒྲིག་བྱེད་པར་རྒྱབ་སྐྱོར་ཆེན་པོ་དང་མཛུབ་སྟོན་གནང་བར་བཀའ་དྲིན་ཞུ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བརྒྱད་ལོའི་འཛམ་གླིང་གཅིག་དང་ཕུགས་འདུན་གཅིག་གི་བརྗོད་གཞི་ནས་ཉིས་སྟོང་ཉེར་གཉིས་ལོའི་མཉམ་དུ་མ་འོངས་པར་ཕྱོགས་པའི་བརྗོད་གཞིའི་བར་དུ། ཀྲུང་གོ་ཨོ་ལིན་ཕིག་ལས་འགུལ་ལ་ཧུར་ཐག་གིས་ཞུགས་པ་དང་། ཨོ་ལིན་ཕིག་སྙིང་སྟོབས་དར་སྤེལ་ལྷོད་མེད་བྱས་ལ། ཨོ་ལིན་ཕིག་ཕུགས་བསམ་གྱི་འགྱུར་བ་མེད་པའི་འཚོལ་སྙེག་པ་དང་ལག་ལེན་པ་ཡིན། ཀྲུང་གོས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས་པ་བརྒྱུད་དེ་མི་དུང་ཕྱུར་གསུམ་གངས་འཁྱག་ལུས་རྩལ་ཁྲོད་ཞུགས་སུ་བཅུག་ལ། ས་ཁོངས་འཕེལ་རྒྱས་དང་སྐྱེ་ཁམས་འཛུགས་སྐྲུན། ལྗང་མདོག་གསར་གཏོད། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བཅས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ཀྱི་གངས་འཁྱག་ལུས་རྩལ་གོང་དུ་སྤེལ་བར་མདུན་ལྗོངས་སྔར་ལས་ཡངས་པོ་བསྐྲུན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཚེས་བཞི་ཉིན་གྱི་དགོང་མོར་འགོ་རྩོམ་རྒྱུ་ཡིན་པ་དང་། འཛམ་གླིང་གིས་ཀྲུང་གོར་རེ་ལྟོས་བྱས་ཡོད་པ་དང་ཀྲུང་གོས་ཀྱང་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད། ཀྲུང་གོས་སྟོབས་ཤུགས་ཡོད་རྒུས་འཛམ་གླིང་ལ་སྟབས་བདེ་དང་བདེ་འཇགས། ངོ་མཚར་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བཤམས་ནས། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་དང་ལྡན་པ་ནས་སྔར་ལས་མཐུན་སྒྲིལ་ཡིན་པའི་ཨོ་ལིན་ཕིག་གི་ལེགས་བཤད་ལག་ལེན་བྱེད་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།