ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐང་ཀ་རུ་མེ་རི་འཕྱུར་ནས་གནོད་སྐྱོན་ཚབས་ཆེན་བཟོས་པར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པར་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ཀ་རུ་མེ་རི་འཕྱུར་ནས་གནོད་སྐྱོན་ཚབས་ཆེན་བཟོས་པར་ཐང་ཀའི་རྒྱལ་པོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གི་བསྟན་དོན། ཐང་ཀ་རུ་མེ་རི་འཕྱུར་ཞིང་མཚོ་རླབས་བྱུང་ནས་གནོད་སྐྱོན་ཚབས་ཆེན་བཟོས་ཏེ་ཆག་སྒོ་ཚབས་ཆེན་བྱུང་བར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཤིང་། ང་མི་སྒེར་གྱི་མིང་ཐོག་ནས་ཐང་ཀ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་དཀར་པོའི་འཚམས་འདྲི་བྱས་པ་ཡིན།  ཀྲུང་ཐང་རྒྱལ་ཁབ་གཉིས་ནི་ཕན་ཚུན་རྒྱབ་སྐྱོར་དང་རོགས་རེས་རོགས་འདེགས་བྱེད་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཡིན། ཀྲུང་གོས་ཐང་ཀ་ལ་ནུས་པའི་ལྕོགས་ཚད་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཐང་ཀ་མི་དམངས་ཀྱི་གནོད་སྐྱོན་ལས་རྒྱལ་ནས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རེ་སྨོན་ཡོད། 

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཐང་ཀའི་དབུ་བཞུགས་བློན་ཆེན་སོ་ཝ་ལེ་ཉི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།