ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱལ་ཁབ147དང་རྒྱལ་སྤྱིའི་རྩ་འཛུགས32བཅས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆ200ལྷག་གི་སྟེང་མིང་རྟགས་བཀོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས18ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཅིན་ཞན་ཏུང་གིས། མིག་སྔའི་བར་རང་རྒྱལ་གྱིས་རྒྱལ་ཁབ147དང་རྒྱལ་སྤྱིའི་རྩ་འཛུགས32བཅས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆ200ལྷག་གི་སྟེང་མིང་རྟགས་བཀོད་ཡོད་ཅེས་བཤད། 

ཅིན་ཞན་ཏུང་གིས་ཉིན་དེར་འཚོགས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་རྒྱུ་ཡིན་ལ། 2021ལོའི་ཟླ12པའི་ཚུན་དུ། རང་རྒྱལ་གྱིས་སོ་ཐོ་མེ་དང་ཕུ་རིན་སི་ཕེ།  ཁུ་པ། མོ་རོ་ཁོ། ནི་ཁ་ར་ཀྭ སུ་རུ་ཡ་བཅས་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆ་སྟེང་མིང་རྟགས་བཀོད་པ་མ་ཟད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལའོ་ཝུའོ་འཆར་གཞི་དང་དངུལ་གཏོང་པུའུ་ལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་བྱ་བའི་མཐུན་སྦྱོར་སྒྲིག་གཞི་འཛུགས་པར་དགོངས་དག་ཞུ་བའི་དྲན་ཐོ་སྟེང་མི་རྟགས་བཀོད།

ཁོས་ད་དུང་ངོ་སྤྲོད་བྱས་དོན། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་མུ་མཐུད་དུ་འཁོར་རྒྱུག་བྱེད་པར་སྲུང་འཛིན་བྱ་རྒྱུ་དང་། 2021ལོའི་ཟླ12པའི་ཟླ་མཇུག་བར་ཟླ་ངོ20རིང་ལ་ཟླ་རེའི་མེ་འཁོར་གཏོང་ཐེངས་སྟོང་ཡན་ལ་སླེབས་ཡོད། 2021ལོའི་ལོ་ཧྲིལ་བོར། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་བསྡོམས་པས་ཐེངས15183བཏང་ཞིང་། དངོས་ཟོག་ཚད་ལྡན་གྱི་ལྕགས་སྒམ་ཁྲི146.4དབོར་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་ལས22%དང29%འཕར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།