ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་ཞིབ་འཇུག་བྱེད་པའི་ལྟེ་གནས་བཙུགས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་དེ་ཟླ1པོའི་ཚེས18ཉིན་པེ་ཅིང་དུ་དངོས་སུ་སྒོ་བྱང་བཀལ།

ངོ་སྤྲོད་བྱས་པ་ལྟར་ན། ཏང་ཀྲུང་དབྱང་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་བཀོད་པ་ལྟར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངོས་སུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པར་ཞིབ་འཇུག་བྱེད་པའི་ལྟེ་གནས་ཞེས་པའི་ལས་ཁུངས་བཙུགས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་ཀྱིས“རྒྱལ་ཁབ་རིམ་པ་དང་དབང་ཟིལ་རང་བཞིན། སྒོ་འབྱེད་རྣམ་པ། ཤུགས་རྐྱེན་ཆེ་བ”བཅས་དམིགས་ཡུལ་དུ་བཟུང་ནས། ཧུར་ཐག་སྒོས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པའི་ཐེག་བྱེད་གལ་ཆེན་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཞིབ་འཇུག་བྱེད་པའི་རིག་མཛོད་གལ་ཆེན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི་སྟེགས་བུ་གལ་ཆེན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་འགྲེལ་བརྗོད་དང་རྒྱུད་སྒྲོག་བྱེད་པའི་གཡུལ་ས་གལ་ཆེན་བཅས་སུ་གཏོང་རྒྱུ་རེད། 

 2021ལོའི་ཟླ7པའི་ཚེས5ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཞིབ་འཇུག་ལྟེ་གནས་བཙུགས་པའི་ཚོགས་ཆེན་དང་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།