ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་གླེང་མོལ་ལ་གཙོ་སྐྱོང་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ1པའི་ཚེས13ཉིན། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་དང་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་གཉིས་ཀྱིས་མཉམ་དུ་ཅང་སུའུ་ཝུའུ་ཞི་རུ་ཀྲུང་གོ་དང་ཧྥ་རན་སེའི་བར་གྱི་འཐབ་ཇུས་གླེང་མོལ་ཐེངས་ཉེར་གཉིས་པ་གཙོ་སྐྱོང་གནང་བ་རེད། ཕྱོགས་གཉིས་པོས་དུས་ཡུན་རིང་པོའི་ནང་འབྲེལ་གཏུག་གཏིང་ཟབ་དང་བསམ་པ་རྣམ་དག་གིས་སྤེལ་རེས་བྱས་ཏེ། གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་པོར་གཅིག་མཚུངས་སམ་འདྲ་མཉམ་གྱི་ལྟ་སྟངས་ཆགས་ཡོད་ལ།  དེས་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་གི་རེ་སྒུག་ཡོད་པ་དང་།  མགོ་ཁྲིད་བར་གྱི་ཕྱི་འབྲེལ་གྱི་འཐབ་ཇུས་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་དང་།  དངོས་སྒྲུབ་མཉམ་ལས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བར་ཀ་རྟེན་ལྟ་བུའི་ནུས་པ་ཡོང་བར་བྱེད་པ། ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས།  ཧྥ་རན་སེའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁེ་ལུང་ལ་གནང་བའི་མཛའ་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་བྱས་ཤིང་།  ཁོང་གིས་ཕྱོགས་གཉིས་པོས་མགོ་ཁྲིད་ཀྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་།  རང་ཚུགས་རང་བདག་གི་ཕྱི་འབྲེལ་སྲོལ་རྒྱུན་མཐའ་འཁྱོངས་བྱེད་པ།  སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ།  གཉིས་ཁེ་གཉིས་ཕན་གྱི་སྙིང་སྟོབས་ལ་བརྟེན་ནས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཆེད་མགོ་ཡག་པོ་ཞིག་འཛུགས་དགོས་ཞེས་གསུངས་པ་རེད།

པོ་ནཱ་ཡིས་ཙུང་ཐུང་མཱ་ཁེ་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་གསར་གྱི་སྨོན་འདུན་ཞུས་པ་བརྒྱུད་བསྒྲགས་བྱས་ཤིང་། ཧྥ་རན་སེའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་བར་གྱི་མཛའ་གྲོགས་ལ་མཐོན་ཆེན་དང་ཧྥ་རན་སེ་དང་ཀྲུང་གོའི་བར་གྱི་འཐབ་ཇུས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ནས། གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ལུས་རྩལ་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་པ་དང་ཧྥ་རན་སེའི་ལུས་རྩལ་པ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་རེ་སྒུག་བྱེད་ཀྱིན་ཡོད་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།