ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ1པོའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བརྙན་ལམ་བརྒྱུད་དེ་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་བརྙན་ལམ་བརྒྱུད་དེ་ཧྥ་རན་སེའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་དང་ཐུག་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན།  རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱིས་ཁ་ཕྱོགས་ཡོད་པའི་སྒོ་ནས་ཁ་ལོ་སྒྱུར་བའི་འོག  ཀྲུང་གོ་དང་ཧྥ་རན་སེའི་བར་གྱི་འབྲེལ་བ་དེ་ཐོག་འཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཧྥ་རན་སེ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་བརྩི་བཞིན་ཡོད་ལ།  ཧྥ་རན་སེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་ཀྱིས་གསལ་སྟོན་གནང་བའི་འགྲོ་ལམ་བརྒྱུད།  འཛམ་གླིང་ཞི་བདེ་བརྟན་བརླིང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་གིས་བྱས་རྗེས་འཇོག་འདོད་ཡོད། “མཐུན་ཡང་མི་འདྲ་བ”ནི་ཡོ་རོབ་མནའ་འབྲེལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལོན་པའི་ཉམས་མྱོང་ཞིག་ཡིན་པས།  ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ཞི་ཏུའང་འགྱུར་བར་བྱེད་དགོས།  ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་མཉམ་ལས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དོན་དངོས་གྱི“མཉམ་ལས་ལམ་གཉིས”བཏོད་དེ་ཕྱོགས་གཉིས་པོའི་ཐུན་མོང་དར་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་ཡོད།  ཧྥ་རན་སེ་ཡིས་ད་ལོའི་ལོ་སྟོད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཧྥ་རན་སེ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་སྣེ་ཁྲིད་དེ་ཀྲུང་གོར་རྒྱུས་ལོན་ཡང་དག་བྱས་ཏེ། རང་ཚུགས་རང་བདག་ངང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོ་དང་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་བསྟན།    

པོ་ནཱ་ཡིས་བཤད་རྒྱུར།   ཧྥ་རན་སེ་ཕྱོགས་ཀྱིས་ཧྥ་རན་སེ་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཡོ་རོབ་དང་ཀྲུང་གོའི་བར་གཉིས་ཕན་མཉམ་ལས་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།