ཀྲུང་གོ་བོད་ཀྱི་དྲ་བ།

ཐེན་ཅིན་གྲོང་ཁྱེར་གྱི་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་ཁྲོད་གདག་གཤིས་ཡིན་པའི་འགོས་ནད་ཅན་གྱི་མི44རྙེད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ནས་ཤེས་གསལ་ལྟར་ན། ཐེན་ཅིན་གྲོང་ཁྱེར་གྱི་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་ཁྲོད། བསྡོམས་པས་གདགས་གཤིས་ཡིན་པའི་འགོས་ནད་ཅན་གྱི་མི44རྙེད་པ་རེད། དེའི་ཁྲོད་ཀྱི་མི32ནི་གཅིག་བསྡུས་ལོག་བཀར་ནས་ཡིན་པ་དང་མི12རིམས་ནད་བཀག་སྡོམ་ཁུལ་དང་འཛིན་སྡོམ་ཁུལ་ནས་ཡིན་པ་རེད། དེ་མིན་གྱི་བརྟག་དཔྱད་དཔྱད་འབྲས་ཚང་མ་སྲིབ་གཤིས་རེད། 

རྒྱུས་ལོན་པ་ལྟར་ན། ཐེན་ཅིན་གྲོང་ཁྱེར་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ད་དུང་རིམས་ནད་ཀྱི་གནས་བབ་དང་བསྟུན་ནས། ནད་དུག་འགོ་ཁྱབ་བྱེད་པར་བཀག་འགོག་བྱ་ཆེད་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བ་འོས་འཚམས་སྒོས་བཀོད་སྒྲིག་བྱ་རྒྱུ་དང་། དུས་ཐོག་ཏུ་ལོག་བཀར་དོ་དམ་བྱེད་ཐབས་བཀོད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།