ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད《རྩ་གནད》དང་ཆེད་དོན་འཆར་འགོད་ནང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་བཀོད་སྒྲིག་དང་ནུས་ལྡན་མ་འཇོག་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས། 

རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་སྤྱོད་ཟད་གྲོན་ཡོ་ཆས་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུ་དང་། སྔར་ལས་ལྷག་པར་ནད་པའི་སྨན་གྲོན་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པར་གཏན་འཁེལ་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད《རྩ་གནད》དང་ཆེད་དོན་འཆར་འགོད་ནང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་ནུས་ལྡན་མ་འཇོག་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་དང་།  རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སྒོ་ནས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་སྤྱོད་ཟད་གྲོན་ཡོ་ཆས་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུ་དང། སྔར་ལས་ལྷག་པར་ནད་པའི་སྨན་གྲོན་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པར་གཏན་འཁེལ་བྱས།  

ཚོགས་འདུས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འབྲེལ་ཡོད་སྡེ་ཚན་ཁག་གིས་དཔེ་བསྡུར་ཚད་བསྡུར་གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི《རྩ་གནད》ནང་གཏན་འཁེལ་བྱས་པའི་གཙོ་གནད་ལ་གཞིགས་ནས། ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་ངང་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་སྒྲིག་བཟོའི་ལས་དོན་ཡག་པོར་བསྒྲུབས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་དམིགས་ཚད་ལས་འགན་ཞིབ་ཚགས་སུ་བཏང་སྟེ། བཀོལ་སྤྱོད་ཆོག་པའི་སྲིད་ཇུས་དང་ཞིབ་ཕྲའི་རྣམ་གྲངས་འདོན་དགོས། མིག་སྔར། ཆེད་དམིགས་འཆར་འགོད44གཞི་རྩའི་ཆ་ནས་སྒྲིག་བཟོ་བྱས་ཟིན་པ་དང་། གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྤེལ་ལག་བསྟར་བྱེད་བཞིན་ཡོད། མིག་སྔར་གཞི་ཚུགས་པ་དང་ཕུགས་རྒྱང་ལ་དམིགས་ཏེ། ནུས་ཤུགས་ལྡན་ལ་གོ་རིམ་ལྡན་པའི་ངང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཆེད་དོན་འཆར་འགོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། 

ཚོགས་འདུས་བསྟན་དོན། མིག་སྔར། དཔལ་འབྱོར་འཁོར་རྒྱུག་དེ་བར་བརྒལ་གྱི་འགག་སྒོ་ཞིག་ཏུ་གནས་ཡོད། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བླང་བྱ་གཞིར་བཟུང་། བརྟན་བརླིང་འཕར་འཕེལ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་བབ་ཐོག་བཞག་ནས། བློ་བརྟན་འགྱུར་མེད་ངང་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། “ཞིང་ཆུ་ལེབ་འདྲེན”མི་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དམིགས་ཡུལ་ལྡན་པའི་ངང་མཐའ་མའི་འཛད་སྤྱོད་དང་ནུས་ལྡན་མ་འཇོག་རྒྱ་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེར་དཔལ་འབྱོར་འཕར་ཚད་མར་ཆག་པའི་གནོན་ཤུགས་གསར་པ་འགོག་པ་དང་། དུས་ཚིགས་དང་པོ་དང་ལོ་སྟོད་ཀྱི་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པར་དོན་སྙིང་གལ་ཆེན་ལྡན། གཅིག་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད《རྩ་གནད》ནང་གཏན་འཁེལ་བྱས་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་དང་ཆེད་དོན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས102ལག་བསྟར་བྱ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། འབྲུ་རིགས་ནུས་ཁུངས་བདེ་འཇགས་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཐོན་ལས། འགྲིམ་འགྲུལ་ཟོག་འགྲེམས། དྲ་རྒྱའི་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་། གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་དམིགས་ནས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། མ་དངུལ་བསྡུ་སྒྲིག ས་ཆ་བེད་སྤྱོད། ནུས་ཁུངས་བེད་སྤྱོད་སོགས་རྒྱུ་རྐྱེན་གལ་ཆེན་ལ་འགན་སྲུང་ལེགས་པོ་བྱ་དགོས། འཆར་འགོད་ནང་ཚུད་པ་དང་ཆ་རྐྱེན་འཛོམས་པའི་རྣམ་གྲངས་ལ་འབྲེལ་ཡོད་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་། ལྷག་པར་དུ་དུས་མགོར་ལོ་མང་པོར་རིགས་སྒྲུབ་བྱས་པའི་ཆུ་བེད་རྣམ་གྲངས་གལ་ཆེན་ལག་བསྟར་དམ་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒུད་གསབ་ལས་སྤྲོད་སོགས་ཀྱི་བྱ་ཐབས་སྤྱད་དེ་གནས་སྐབས་ལས་ཀར་ཞུགས་མ་ཐུབ་པའི་ཞིང་བ་ཞོར་ལས་པ་ཁག་གཅིག་ལ་ལས་ཞུགས་ཐུབ་པ་དང་ཡོང་འབབ་ཡོད་པ་བྱེད་དགོས། གསར་དུ་ལས་མགོ་ཚུགས་པའི་རྣམ་གྲངས་ལ་མ་དངུལ་འཇོག་གྲངས་མར་ཆག་པའི་སར་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་བྱས་ནས། མ་དངུལ་འཇོག་ཤུགས་མི་འདང་བའི་གནས་ཚུལ་བསྒྱུར་དགོས། གཉིས་ནས་མ་དངུལ་རྣམ་གྲངས་ཀྱི་རྗེས་སུ་འབྲང་དགོས་པའི་བླང་བྱར་གཞིགས་ཏེ། ན་ནིང་དུས་ཚིགས་བཞི་པར་འགྲེམས་སྤེལ་བྱས་པའི་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་མ་དངུལ་སྒོར་དུང་ཕྱུར་ཁྲི1.2དེ་གང་མགྱོགས་ངང་རྣམ་གྲངས་བྱེ་བྲག་ཏུ་དོན་འཁྱོལ་ཡོང་བ་བྱ་དགོས། ད་ལོར་སྤྲད་ཟིན་པའི་ཆེད་དམིགས་རྣམ་གྲངས་ཀྱི་བུ་ལོན་གང་མགྱོགས་ཀྱིས་འགྲེམས་སྤེལ་བྱས་ཏེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ་དང་། འཛུགས་སྐྲུན་བྱེད་བཞིན་པ་དང་གང་མགྱོགས་ངང་ལས་མགོ་འཛུགས་ཐུབ་པའི་རྣམ་གྲངས་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱེད་པ་དང་། སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་པོ་གཏོང་བར་སྐུལ་སློང་བྱས་ནས། དུས་ཚིགས་དང་པོར་དངོས་ཡོད་ལས་འབོར་སྔར་ལས་མང་པོ་ཡོང་བར་བརྩོན་ལེན་བྱ་དགོས། གསུམ་ནས་མ་འཇོག་རྣམ་གྲངས་ཞིབ་མཆན་འགོད་པའི་ལམ་ལུགས་ལ་བཅོས་སྒྱུར་གཏིང་ཟབ་བྱས་ནས། ཁས་ལེན་ལམ་ལུགས་དང་ས་ཁོངས་ཚོད་སྐོར་སོགས་གསར་གཏོད་བྱ་ཐབས་ཁྱབ་གདལ་གཏོང་དགོས། གསོག་འཇོག་རྒྱུ་བེད་སྤྱོད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས།

ཚོགས་འདུས་བསྟན་དོན། ཉེ་བའི་ལོ་འགའི་རིང་། སྨན་རྫས་དང་རིན་གོང་མཐོ་བའི་སྨན་སྤྱོད་ཟད་གྲོན་ཡོ་ཆས་གཅིག་སྡུད་ཉོ་སྒྲུབ་ཀྱི་བཅོས་སྒྱུར་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་གྱི་ལམ་སྲོལ་སྤྱད་དེ་སྨན་རྫས་ཀྱི་རིན་གོང་ཧང་མཐོ་འཕར་ཆག་ནུས་ལྡན་བྱུང་། ན་ནིང་ལོ་མཇུག་བར། རིམ་རྩིས་བྱས་ན་སྨན་བཅོས་འགན་བཅོལ་དང་ནད་པར་སྒོར་དུང་ཕྱུར2600གྲོན་ཆུང་བྱས་པ་དང་། དེ་དང་ཆབས་ཅིག སྨན་རྫས་ཁེ་ལས་ཀྱིས་ནུས་ཤུགས་སྔར་ལས་མང་པོ་ཐོན་རྫས་ཞིབ་སྤེལ་དང་སྤུས་ཚད་མཐོ་འདེགས་ཐད་འདོན་པར་སྐུལ་འདེད་བཏང་ཡོད། རྗེས་མར། གཅིག་སྡུད་ངང་ཉོ་སྒྲུབ་འབོར་ཆེན་བྱེད་པ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། མྱུར་ཚད་ཇེ་མགྱོགས་དང་ཁྱབ་རྒྱ་ཇེ་ཆེར་བཏང་ནས། སྨན་རྫས་ཀྱི་རིན་གོང་མུ་མཐུད་དུ་ཇེ་དམའ་རུ་བཏང་སྟེ་ནད་པར་ཕན་ཐོགས་དགོས། གཅིག་ནས་གཅོང་ནད་དང་རྒྱུན་མཐོང་ནད་རིགས་གཙོ་གནད་དུ་བྱས་ཏེ། རྒྱལ་ཁབ་རིམ་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། ས་གནས་སོ་སོས་རྒྱལ་ཁབ་ཀྱི་གཅིག་སྡུད་ངང་ཉོ་སྒྲུབ་བྱས་པའི་སྨན་རྫས་ཕུད་པའི་སྨན་རྫས་ལ་ཞིང་ཆེན་རིམ་པའམ་ཞིང་ཆེན་ལས་བརྒལ་བའི་མནའ་འབྲེལ་ཉོ་སྒྲུབ་བྱེད་དགོས། ད་ལོའི་ལོ་མཇུག་སྔོན། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཅིག་སྡུད་ངང་ཉོ་སྒྲུབ་བྱས་པའི་སྨན་རྫས་དེ་ཞིང་ཆེན་རེར་བསྡོམས་འབོར350ཡན་ཟིན་ཡོད། གཉིས་ནས་རིན་གོང་མཐོ་བའི་སྨན་སྤྱོད་ཡོ་ཆས་གཅིག་བསྡུའི་ཉོ་སྒྲུབ་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་སྟེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་རུས་ནད་ཚན་ཁག་དང་། སྨན་རྫས་རིལ་མ། འདེབས་སོ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པར་གཅིག་སྡུད་ཉོ་སྒྲུབ་བྱས་ཆོག གསུམ་ནས་ཉོ་སྒྲུབ་བྱས་པའི་སྨན་རྫས་དང་ཟད་གྲོན་ཡོ་ཆས་ཡུན་རིང་མཁོ་སྤྲོད་བརྟན་བརླིང་ཡོང་བར་འགན་ལེན་བྱེད་པ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཉོ་སྒྲུབ་བྱས་པའི་ཐོན་རྫས་ཀྱི་རིན་གོང་དམའ་ཡང་སྤུས་ཚད་མི་དམའ་བར་འགན་ལེན་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་འོས་ཤིང་འཚམ་པའི་སྒོ་ནས་ཉོ་སྒྲུབ་བྱས་པའི་ཐོན་རྫས་སྔོན་ཐོབ་བཀོལ་སྤྱོད་བྱ་དགོས། བཞི་ནས་གཅིག་སྡུད་ཉོ་སྒྲུབ་དང་སྨན་བཅོས་འགན་བཅོལ་གྱི་མ་དངུལ་ལྷག་འཕྲོ་ཉར་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། སྨན་བཅོས་མི་སྣའི་ཡོང་འབབ་ལུགས་མཐུན་ངང་མཐོ་རུ་བཏང་ནས་ཧུར་བརྩོན་རང་བཞིན་སྔར་བས་ལེགས་པོས་སྐོང་འཐེན་བྱེད་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།