ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུང་ཧྭ་ཡིས་ཀོང་ཞི་རུ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས6ནས་ཚེས9ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཧུའུ་ཁྲུང་ཧྭ་ཡིས་ཀོང་ཞི་རུ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་སྒོས་ལག་བསྟར་བྱ་རྒྱུ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལྟར། ནུས་ཡོད་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་འབྱུང་བར་བྱ་དགོས། དེ་དང་དུས་མཚུངས་སུ། སེམས་ཤུགས་གཙོ་བོ་དེ་དབུལ་ཐར་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། 

ཧུའུ་ཁྲུང་ཧྭ་ཡིས་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་སྟེ། ལིའུ་ཀྲིག་གྲོང་ཁྱེར་གྱི་སན་ཅང་རྫོང་དང་རོང་ཧྲུའེ་རྫོང་། ལེ་པིན་གྲོང་ཁྱེར་གྱི་ཞིན་ཁྲིན་རྫོང་། དེ་མིན་ཀོང་ཞིའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་སྟེ། ཀུའེ་ལིན་གྲོང་ཁྱེར་ལུང་ཧྲིན་རྫོང་བཅས་ཀྱི་ཐོན་ལས་གླིང་ཁུལ་དང་ཁེ་ལས། ཡུལ་བསྟུན་གནས་སྤོའི་སྡེ་ཁུལ། དབུལ་ཐར་ཞིང་ཁྱིམ་སོགས་སུ་སོང་ནས། དབུལ་ལོག་ལྟ་ཞིབ་རོགས་སྐྱོར་དང་དབུལ་ཐར་ཐོན་ལས་འཕེལ་རྒྱས། དབུལ་ཐར་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཧུའུ་ཁྲིན་ཧྭ་ཡིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དངོས་འབེབ་བྱ་རྒྱུ་དང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཉིད་ཀྱི་འཕེལ་རྒྱས་ནུས་ཤུགས་མགྱོགས་མྱུར་ངང་མཐོར་འདེགས་སུ་གཏོང་དགོས། གོམ་གང་མདུན་སྤོས་སྒོས་དབུལ་ལོག་འབྱུང་བར་སྔོན་འགོག་བལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དང་དངོས་འབེབས་བྱ་རྒྱུ་དང་། དུས་ལྟར་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་འབྱུང་བར་ཁག་ཐེག་བྱེད་དགོས། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། བར་བརྒལ་དུས་ཡུན་ནང་དབུལ་ཐར་མང་ཚོགས་དང་ས་གནས་མང་ཚོགས། དབུལ་ཐར་ས་ཁུལ་གྱི་མང་ཚོགས་དང་རྒྱལ་ཡོངས་མང་ཚོགས་ཀྱི་ཡོང་འབབ་བསྡུར་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཁྱད་རྟགས་ཐོན་ལས་སྲ་བརྟན་མཐོར་འདེགས་སུ་གཏོང་རྒྱུ་དང་། རྫོང་ཁོངས་ཡོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་ནས། སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཞན་ཡུལ་དུ་ལ་རྒྱག་པར་ཧུར་ཐག་སྒོས་རོགས་སྐྱོར་བྱ་རྒྱུ་དང་། ཡུལ་བསྟུན་གནས་སྤོ་བྱས་པའི་མང་ཚོགས་ཀྱི་ལས་ཞུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དབུལ་ཐར་ངལ་གཙོ་ནུས་ཤུགས་བརྟན་བརླིང་དང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས། ཤར་ནུབ་ཕན་ཚུན་མཐུན་སྦྱོར་བྱེད་པ་སོགས་ཐོན་ཁུངས་ནུས་ཤུགས་ལ་རོགས་སྐྱོར་དང་སྲིད་ཇུས་ཀྱི་བྱེད་ཐབས་དེ་འཕེལ་རྒྱས་འབྱུང་བར་དམིགས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་ཤུགས་སྣོན་བརྒྱག་དགོས།

ཧུའུ་ཁྲུང་ཧྭས་ད་དུང་མངར་རྒྱུ་དང་སྣུམ་རྒྱུ་ཐོན་སྐྱེད་ཐད་ཀྱི་བྱ་བར་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།