ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི2022ལོའི་བཀའ་རྒྱ་ཨང་དང་པོར་མིང་རྟགས་བཀོད་དེ་དམག་ཡོངས་ལ་སྦྱོར་བརྡར་གྱི་སྐུལ་སློང་བཀའ་རྒྱ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས4ཉིན་ཀྲུང་དབྱང་དམག་ཨུའི2022ལོའི་བཀའ་རྒྱ་ཨང་དང་པོར་མིང་རྟགས་བཀོད་དེ། དམག་ཡོངས་ལ་སྦྱོར་བརྡར་གྱི་སྐུལ་སློང་བཀའ་རྒྱ་ཁྱབ་བསྒྲགས་བྱས། ནང་དོན་ཆ་ཚང་གཤམ་གསལ་ལྟར། 

ངས2022ལོའི་དམག་དོན་སྦྱོང་བརྡར་མགོ་ཚུགས་པའི་བཀའ་ཕབ་པ་ཡིན།

དམག་ཡོངས་ཀྱི་རིམ་པ་སོ་སོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་མཛུབ་སྟོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་དང་དམག་དོན་འཐབ་རྩོད་ཀྱི་གནས་བབ་འགྱུར་ལྡོག་ལ་ཚོད་འཛིན་ཡང་དག་བྱས་ཏེ། ཚན་རིག་གི་འགྱུར་ལྡོག་དང་དམག་འཁྲུག་གི་འགྱུར་ལྡོག འགྲན་ཟླའི་འགྱུར་ལྡོག་ལ་དམིགས་ཏེ། ནུས་ཤུགས་ཡོད་དགུས་འཐབ་སྦྱོང་ཟུར་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་དགུས་མ་ལག་དམག་སྦྱོང་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་དགུས་ཚན་རྩལ་དམག་སྦྱོང་ལ་སྐུལ་འདེད་བཏང་ནས། དམག་དོན་སྦྱོང་བརྡར་ཚུལ་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྦྱོང་བརྡར་བྱེད་ཕོད་པ་དང་འཐབ་ལ་མཁས་པའི་དཔུང་སྡེ་སྟོབས་ལྡན་གསོ་སྦྱོང་བྱེད་དགོས།

དམག་ཡོངས་ཀྱི་བཀོད་འཐབ་པས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་བར་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། དཀའ་སྤྱད་ཀྱིས་སྦྱོང་བརྡར་བྱེད་པ་དང་ཚན་རིག་དང་མཐུན་པར་སྦྱོར་བརྡར་བྱེད་པ། བདེ་འཇགས་ཀྱིས་སྦྱོང་བརྡར་བྱས་ཏེ། བཀོད་འདོམས་ནུས་ཤུགས་སྦྱོང་བརྡར་ལ་ཤུགས་སྣོན་དང་། འཐབ་རྩོད་ནུས་རྩལ་སྦྱོང་བརྡར་ལེགས་པོ་བྱས་ནས། འཐབ་འཛིང་སྤྱོད་ཚུལ་སྦྱོང་བརྡར་ནན་ཏན་བྱས་ཏེ། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་དང་དམག་སྦྱོང་གྲུབ་འབྲས་རྩེར་སོན་གྱིས་ཏང་གི་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།