ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་ཁ་པར་གྱི་ལམ་ནས་རྟེན་འབྲེལ་ཞུ་རེས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཙི་བྷེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ལ་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བབཙུགས་ནས་ལོ་སུམ་ཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དུས་བསྟུན་འཕེལ་རྒྱས་དང་གསར་འབྱེད་ཡར་བརྩོན་བྱུང་སྟེ། འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བསྐྲུན་ཡོད། ཁྱད་པར་དུ་ཕྱོགས་གཉིས་ཀས་བཅོས་སྒྱུར་སྒོ་འབྱེད་དང་འཕེལ་རྒྱས་དར་རྒྱས་ཀྱི་གོ་རིམ་ཁྲོད་ནས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་མཉམ་ལས་ཁྲོད་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱས་ནས། མིང་དོན་མཚུངས་པའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་གྲུབ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་བྱས་ནས། ཙུང་ཐུང་མུས་ཨར་ཅིས་ཡུའེ་ཡེ་ཧྥུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

མུས་ཨར་ཅིས་ཡུའེ་ཡེ་ཧྥུའུ་ཡིས་འདོད་དོན། འདས་ཟིན་པའི་ལོ་ངོ་སུམ་ཅུ་ནི་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་ལོ་རྒྱུས་སྟེང་གི་འོད་སྟོང་འབར་བའི་ལེའུ་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་ཁའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བདེ་བླག་ངང་སྐུལ་འདེད་བཏང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྗེ་རེས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་པ། རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དམ་ཟབ་བཅས་བྱུང་ཡོད། ཝུའུ་ཙི་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་མཉམ་ལས་འབྲེལ་བ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།