ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོའི་ལུགས་གསར་ལོ་སར་གྱི་ཤིས་ཚིག་འབུལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ12ཚེས31ཉིན་གྱི་དགོང་མོའི་ཆུ་ཚོད7གྱི་སྟེང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འཕྲིན་འབྲེལ་དྲ་བ་བརྒྱུད་དེ2022ལོའི་ལོ་སར་གྱི་ཤིས་ཚིག་འབུལ་རྒྱུ་རེད། 

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཁོངས་གཏོགས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ། རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ། 4Kའཕྲིན་ལམ་བཅས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱི་སྐད་འཕྲིན་ལམ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ་དང་། མི་དམངས་དྲ་བ། ཞིན་ཧྭ་དྲ་བ་སོགས་ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར་གཙོ་བོའི་ཁོངས་གཏོགས་ཀྱི་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་སྟེགས་བུ་བཅས་ཀྱི་སྟེང་དུས་ཐོག་ཏུ་གཏང་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།