ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་འགོ་འཛིན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབས་མཐར་ཕྱིན་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་རྗེས་འདོད་དོན། ཆ་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་རྒྱུ་དང་། མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་འཐབ་ཇུས་ཀྱི་སྟོན་ཕྱོགས་ལ་གོ་བ་ཡང་དག་ལེན་པ། གནད་དོན་ཁྲིད་སྟོན་དུ་འཛིན་པའི་ལས་ཀའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ། གནད་སའི་ཐོད་བརྒལ་ལ་བརྟེན་ནས་ལས་དོན་ཧྲིལ་པོར་ནུས་ལྡན་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ།འབྲི་ཆུའི་དཔལ་འབྱོར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དོན་ལྡན་གཏོང་བ་བཅས་བྱེད་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་སྒོ་ནས་འབྲི་ཆུའི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཡག་པོ་བཟོས་ནས། གོ་ཆོད་པ་དང་བཀོལ་སྤྱོད་བྱེད་ཆོག་པའི་མ་གདན་ཞིག་ཆགས་པར་བྱེད་དགོས། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སླར་གསོ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འབྲི་ཆུའི་རྒྱུད་ཀྱི། ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། གཙང་པོ་དང་མཚེའུ་ཡི་མཚོ་ངོགས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱེད་དགོས། འབྲི་ཆུའི་ཆུ་ལམ་ཡག་ཤོས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་དང་། གྲུ་ལམ་དང་གྲུ་གཟིངས། གྲུ་ཁ། འགག་སྒྲོལ་དོ་དམ་བཅས་ཚད་ལྡན་ཅན་བཞིར་སྐུལ་འདེད་བཏང་ནས། སྣ་མང་མཉམ་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་གླིང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། འབྲིང་རིམ་དང་སྟོད་རྒྱུད་ས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་འབད་པས་ཞུགས་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་ཐག་གཅོད་བྱེད་པའི་དམིགས་སའི་རང་བཞིན་དང་ཕན་ནུས་ལྡན་པའི་རང་བཞིན་ཆེ་རུ་ནུས་ལྡན་གཏོང་དགོས།

ལིའུ་ཧི་དང་ལིའ་ཆང་། ཁྲིན་མེན་ཨར། ཧི་ལིས་ཧྥུན་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།