ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ་ཉིས་སྟོང་ཉེར་གཉིས་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར་བཀྲམ།

བརྡ་སྦྱོར་ལས་བསྟན་དོན།   ཉིས་སྟོང་ཉེར་གཉིས་ལོ་ནི་རང་རྒྱལ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་བསྐྱོད་པའི་གནད་འགག་གི་ལོ་ཞིག་ཡིན་ལ།  ད་ལོའི་ལོ་འགོར་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུ་ཡིན་པས།  དུས་ཆེན་གཉིས་སྐབས་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ལས་བླང་བྱ་བཏོན་དོན།    ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་ནས་རིམས་ནད་འགོས་ཁྱབ་ཏུ་འགྲོ་བར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།   བློ་བརྟན་འགྱུར་མེད་སྒོས་ཕྱི་ནས་ཡོང་བ་འགོག་པ་དང་ནང་དུ་མཆེད་པ་འགོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།   རྒྱུན་རྣམ་ཅན་གྱི་གནད་ཕིགས་འགོག་སྲུང་དང་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་ཟུང་འབྲེལ་བྱས་ཏེ་དུས་ཆེན་གཉིས་ཀྱི་སྐབས་ཀྱི་མི་སྣའི་འཁོར་རྒྱུག་དང་འདུ་འཛོམས་ཇེ་ཉུང་དུ་གཏོང་དགོས།

བརྡ་སྦྱོར་ལས་ད་རུང་བླང་བྱ་བཏོན་དོན།    འགལ་བ་དང་གནད་དོན་སྔོན་འགོག་དང་ཐག་གཅོད་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ་དང་།    གྲོན་ཆུང་ཚུལ་ལྡན་གྱི་དུས་ཆེན་རོལ་རྒྱུ་རྒྱུན་འཁྱོངས་བྱེད་པ།   སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་དར་སྤེལ་གཏོང་བ།   གཞི་རིམ་གྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ལྷག་པར་དུ་དཀའ་ཁག་ཆེ་བའི་ས་ཁུལ་དུ་བྱ་བ་བསྒྲུབ་པའི་ལས་བྱེད་པ་དང་དཀའ་ཁག་ཆེ་ཞིང་ལས་ཉེན་ཁ་ཆེ་བའི་ལས་འགན་ལག་བསྟར་བྱེད་བཞིན་པའི་འཐབ་ཕྱོགས་དང་པོའི་བློ་མཐུན་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས།    སྤྱོད་བཟང་སྒྲིག་གཅུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་དུས་ཆེན་སྐབས་ཀྱི་རུལ་སུངས་སྔོན་འགོག་ནན་མོ་བྱེད་པ།    སྐབས་བསྟུན་ལས་རེས་ལ་ཤུགས་བསྣན་ནས་དུས་ཆེན་གཉིས་སྐབས་ཀྱི་བྱ་བ་སོ་སོ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཐུབ་པར་འགན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།