ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། 《ཁོངས་ཡོངས་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་ནུས་པ་ཐོན་རྗེས་ཀྱི་ལག་བསྟར་བྱ་བ་ཡག་པོར་བསྒྲུབ་པར་བཀོད་སྒྲིག་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་མཛད་དེ། དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། 《ཁོངས་ཡོངས་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ལ་ནུས་པ་ཐོན་རྗེས་ཀྱི་ལག་བསྟར་བྱ་བ་ཡག་པོར་བསྒྲུབ་པར་བཀོད་སྒྲིག་བྱས། 

ཚོགས་འདུས་བསྟན་དོན། ད་ལོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་ངང་འཕར་ནས། དཔལ་འབྱོར་བརྟན་བརླིང་ངང་འཕར་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འོན་ཀྱང་། མིག་སྔར་ཕྱི་ཕྱོགས་ཉོ་འཚོང་ལ་ངེས་གཏན་མིན་པ་དང་བརྟན་བརླིང་མིན་པ། དོ་མཉམ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་བླང་བྱ་གཞིར་བཟུང་། སྒོ་འབྱེད་སྔར་ལས་རྒྱ་ཆེར་གཏོང་བ་དང་། དཀའ་ངལ་དང་འགྲན་སློང་ལ་དམིགས་ནས་ཁ་གཏད་གཅོག་ཐབས་འདོན་པ། དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱེད་པ། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་བྱེད་པ་བཅས་བྱས་ཏེ། མངགས་ཐོར་འགན་ལེན་ཧུར་ཐག་བྱེད་པ་དང་། སྔོན་དཔག་བརྟན་བརླིང་དུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།  

གཅིག་ནས་ཕྱིར་གཏོང་ནང་འདྲེན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཁྲལ་འཕྲི་དངུལ་གཅོག་བྱེད་ཐབས་དོན་འཁྱོལ་བྱ་དགོས། ཕྱིར་གཏོང་ཁྲལ་སློག་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཁྲལ་སློག་གི་ཆ་སྙོམས་དུས་ཚོད་དེ་ལས་ཞག6གི་ནང་ཚུན་དུ་ཇེ་ཐུང་དུ་གཏང་དགོས།  ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱིས་ཕྱིར་གཏོང་མ་བྱས་སྔོན་ལ་མངགས་ཐོ་མེད་པར་བཟོས་པ་སོགས་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། ཤར་རྒྱུད་དང་དབུས་ནུབ་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་མཉམ་ལས་མཉམ་སྐྲུན་ཟབ་སྤེལ་དང་། ལས་སྣོན་ཉོ་ཚོང་སྐས་རིམ་ལྟར་སྤོ་སྒྱུར་དང་འབྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱ་དགོས། 

གཉིས་ནས་རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་སོགས་ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པའི་འཕེལ་རྒྱས་ལ་སྔར་བས་སྐུལ་ལྕག་གཏང་དགོས། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་གསར་དུ་འཛུགས་དགོས། མཚོ་འགྲམ་དང་བྲལ་བའི་ཉོ་ཚོང་ལྟེ་གནས་གྲོང་ཁྱེར(ས་ཁུལ་)ཁག་ཅིག་གསོ་སྐྱོང་བྱ་དགོས། ཚོང་ར་ཅན་གྱི་བྱེད་སྟངས་ལྟར་ཕྱི་རྒྱལ་མཛོད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་མཚམས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཚོང་ཟོག་གི་ནང་འདྲེན་རྩིས་ཐོ་ཇེ་ལེགས་སུ་བཏང་ནས་ནང་འདྲེན་རིགས་སྣ་རྒྱ་ཆེ་རུ་གཏང་དགོས། 

གསུམ་ནས་ཁེ་ལས་ལ་ལེ་ལག་ཚང་བའི་ཞབས་འདེགས་ཞུ་བར་ཤུགས་སྣོན་ཏེ། ཁེ་ལས་ཀྱིས་ཕྱི་ནང་ཚོང་དོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་རྒྱུད་གཅིག་དང་ཚད་གཞི་གཅིག་པ། སྤུས་ཚད་གཅིག་པའི་ཐོན་རྫས་འདོན་པ་དང་། ཚོང་དོན་ཐབས་ལམ་རྒྱ་སྐྱེད། མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ་སོགས་ཐད་འཕྲད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏང་དགོས། 2022ལོར་ལས་སྣོན་ཉོ་ཚོང་ཁེ་ལས་ཀྱི་ནང་འཚོང་ལ་གནས་སྐབས་དཔྱ་ཁྲལ་གྱི་སྐྱེད་ཀ་རྩ་ཆག་གཏང་དགོས། 

བཞི་ནས་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་གནོན་ཤུགས་ཞི་ལྷོད་དུ་གཏང་དགོས། ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་དང་མཚོ་ཐོག་སྐྱེལ་འདྲེན་ཁེ་ལས་བར་རྒྱུན་རིང་གྲོས་ཆོད་འཇོག་པར་བསྔགས་སྐུལ་བྱ་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་སྒྲིག་འགལ་གྱི་རིན་དངུལ་བསྡུ་བ་དང་དབོར་རིན་ཧམ་སྤར་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་ཆ་རྐྱེན་འཛོམས་པའི་ཕྱི་ཕྱོགས་ཉོ་འཚོང་ཁེ་ལས་ཆུང་གྲས་དང་ཤིན་ཏུ་ཆུང་གྲས་ལ་དངོས་ཟོག་འཁོར་རྒྱུག་ཐད་ཀྱི་ཀུན་ཕན་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། 

ལྔ་ནས་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཧུར་ཐག་གིས་ཚོང་དོན་ལེགས་སྒྲིག་གི་རོགས་སྐྱོར་བྱ་བ་སྒྲུབ་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་ཡོང་བར་རམ་འདེགས་བྱ་དགོས། 

ཚོགས་འདུས་བསྟན་དོན། རྒྱལ་སྤྱི་རྒྱལ་ནང་གི་འབྲེལ་ཡོད་ཕྱོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཁོངས་ཡོངས་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》2022ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ནུས་པ་ཐོན་རྒྱུ་རེད། ཁེ་ལས་ཀྱིས་གྲོས་ཆོད་ལག་བསྟར་གྱི་གོ་སྐབས་དམ་འཛིན་བྱས་ནས། རྒྱལ་སྤྱིའི་ཁྲོམ་རའི་ནང་ཞུགས་པའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། གོམ་གང་མདུན་སྤོས་སྒོས་ཚོང་དོན་དང་མ་འཇོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ནང་གི་ཐོན་ལས་རིམ་སྤོར་ལ་ལྡོག་སྐུལ་བྱ་དགོས། གཅིག་ནས་ཁེ་ལས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཀྱི་དཔྱ་ཁྲལ་གཅོག་པ་དང་ས་ཁོངས་ཐོན་ཡུལ་གྱི་རིམ་གསོག་སྒྲིག་སྲོལ་སོགས་གང་ལེགས་སྒོས་སྤྱོད་པར་སྐུལ་ལྕག་བཏང་ནས། ལེགས་ལྡན་ཐོན་རྫས་ཕྱིར་གཏོང་དང་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏང་དགོས། སྒོ་འབྱེད་དམ་བཅའ་དང་སྒྲིག་སྲོལ་ཡག་པོར་སྤྱད་དེ། ས་ཁོངས་ནང་གི་རྩེ་གྲ་དང་ལྗང་མདོག་ཐོན་ལས་འཁོར་སྦྲེལ། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་མཉམ་ལས་བཅས་ལ་ཤུགས་བསྣན་ནས། ཞབས་ཞུའི་ལས་རིགས་དང་མ་འཇོག་སྒོ་འབྱེད་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། གཉིས་ནས་རྒྱལ་སྤྱིའི་སྔོན་ཐོན་སྒྲིག་སྲོལ་དང་བསྟན་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། ཧུར་ཐག་སྒོས་ས་ཁོངས་ནང་གི་མ་དངུལ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ། རྒྱལ་སྤྱིའི་ཚད་གཞི་བཟོ་བར་ནང་ཞུགས་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏང་དགོས། གསུམ་ནས་རང་མོས་ཚོང་དོན་གྲོས་ཆོད་ལག་བསྟར་གྱི་སྤྱི་པའི་ཞབས་ཞུའི་སྟེགས་བུ་དང་ཆེད་མཁས་པའི་དཔུང་སྡེ་བཙུགས་ནས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱ་ཐབས་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ཀྱི་གསོ་སྦྱོང་བྱ་བར་སྔར་བས་ཤུགས་སྣོན་བྱས་ཏེ། གྲོས་ཆོད་ཀྱི་སྒྲིག་སྲོལ་ལ་གོ་བ་ལེན་པ་དང་བེད་སྤྱོད་བྱེད་པའི་ནུས་པ་ཆེ་རུ་གཏང་དགོས། སྒོ་ཁྲལ་དང་དཔང་འཛིན་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་ནས། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་ལ་སྟབས་བདེ་བསྐྲུན་དགོས། བཞི་ནས་གྲོས་ཆོད་ཀྱི་ཁོངས་མི་སྔར་བས་མང་བས་གོ་ཆོད་ལག་བསྟར་དང་གྲོས་མཐུན་ལམ་སྲོལ་ཅན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཐུན་མོང་ཐོག་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལས་སྟེགས་གཙོ་བོ་གཏོད་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རམ་འདེགས་བྱས་ཏེ། རང་མོས་ཚོང་དོན་མཐའ་འཁྱོངས་བྱེད་དགོས། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གི་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏང་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།