ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཞིང་སྡེ་པུའུ་ཡིས2020ལོར་གློག་རྡུལ་ཚོང་དོན་གྱི་ཞབས་ཞུ་ས་ཚིགས་སྲིད་འཛིན་སྡེ་བར་ཁྱབ་ཚད78.9%ལ་སླེབས་ཡོད་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཚོང་ར་དང་ཆ་འཕྲིན་ཅན་སི་ཡིས་ཞིང་ལས་ཞིང་སྡེ་པུའུ་ཆ་འཕྲིན་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་ཟླ12པའི་ཚེས20ཉིན《2021ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་འཕེལ་རྒྱས་ཆུ་ཚད་ཀྱི་གདེང་འཇོག་སྙན་ཞུ》ཁྱབ་བསྒྲགས་བྱས། སྙན་ཞུ་ཁྲོད2020ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད37.9%ལ་སླེབས་པ་དང་། གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་སྲིད་འཛིན་སྡེ་བར་ཁྱབ་ཚད78.9%ལ་སླེབས་ཡོད་པར་བསྟན།

སྙན་ཞུ་ཁྲོད་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་མཇུག་བར་དུ་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ཞིང་སྡེའི་དྲ་རྒྱའི་རྨང་གཞི་སྒྲིག་ཆས་མངོན་གསལ་གྱིས་ལེགས་བཅོས་བྱུང་ནས། ཞིང་ལས་ཐོན་སྐྱེད་ཆ་འཕྲིན་ཅན་བརྟན་བརླིང་ངང་སྐུལ་འདེད་བཏང་བ་དང་། ཞིང་སྡེ་བཅོས་སྐྱོང་གྲངས་འཛིན་ཅན་གྱི་ཕན་འབྲས་མངོན་གསལ་ཡིན་པ་དང་། གྲངས་འཛིན་ཞིང་སྡེ་འཛུགས་སྐྲུན་ལ་ངོ་བོ་རང་བཞིན་གྱི་གོང་འཕེལ་བྱུང་ཡོད།

དེ་མིན། ཞིང་ལས་ཐོན་རྫས་གློག་རྡུལ་ཚོང་དོན་སྟོབས་ཤུགས་འབུར་དུ་ཐོན་པ་ལས་ཆ་འཕྲིན་ཅན་གྱི་ཞབས་ཞུ་མགྱོགས་མྱུར་སྒོས་ཁྱབ་གདལ་བཏང་ནས། འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱུང་། དེ་དག་གིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་སྡེ་ཕྱོགས་ཡོངས་དར་སྤེལ་ལ་རྨང་གཞི་བརྟན་པོ་བཏང་ཡོད།

ཞིང་ལས་ཞིང་སྡེ་པུའུ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་རྫོང2642ཀྱི་འབྲེལ་ཡོད་གཞི་གྲངས་ལ་ཕྱོགས་བསྡུས་རྩིས་ལེན་བྱས་པ་བརྒྱུད། 2020ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཆ་འཕྲིན་ཅན་གྱི་ཆུ་ཚད་ནི22.5%ཡིན་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཁུངས་འདེད་ཆ་འཕྲིན་ཅན་གྱི་ཆུ་ཚད་ནི22.1%ཡིན། རྫོང་ཁོངས་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་འཚོང་བྱེད་ཚད་དེ་ཞིང་ལས་ཐོན་རྫས་ཕྱིར་ཚོང་སྤྱི་འབོར་གྱི13.8%ཟིན་ལ། ཉེར་སྤྱོད་ཆ་འཕྲིན་ལག་རྩལ་གྱིས་སྲིད་འཛིན་སྡེ་བའི་ཏང་དོན་སྡེ་དོན་ནོར་དོན་བཅས་དོན་གསུམ་ཕྱོགས་བསྡུས་སྤྱི་བསྒྲགས་བྱེད་པའི་ཆུ་ཚད་ནི72.1%ཡིན།

དེ་དང་ཆབས་ཅིག རྫོང་དང་ཤང། སྡེ་བ་བཅས་རིམ་པ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ་བཀོད་འདོམས་སྟེགས་བུ་རུ་བྱས་ཏེ། ཆ་འཕྲིན་ཅན་ལ་བརྟེན་ནས། དྲ་མིག་ཅན་གྱི་དོ་དམ་རྨང་གཞི་རུ་བྱས་པའི་བཟོ་སྐྲུན་དེ་སྲིད་འཛིན་སྡེ་བར་ཁྱབ་ཚད77.0%ལ་སླེབས་ཡོད། རྫོང་ཁོངས་སྲིད་དོན་ཞབས་ཞུ་དྲ་ཐོག་ནས་ལས་དོན་ཐག་གཅོད་བྱེད་ཚད66.4%ལ་སླེབས་ཡོད། གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་སྲིད་འཛིན་སྡེ་བར་ཁྱབ་ཚད78.9%ལ་སླེབས་ཡོད། རྫོང་གི་ཆ་སྙོམས་ཀྱི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་ནོར་སྲིད་དངུལ་གཏོང་སྒོར་ཁྲི1300ལ་ཉེ་བ་ཡོད་པ་དང་། རྫོང་གི་ཆ་སྙོམས་ཀྱི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་མ་རྩ་གཏོང་ཚད་སྒོར་ཁྲི3000ལས་བརྒལ་ཡོད་དེ། རྫོང་རིམ་པའི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་དོ་དམ་ཞབས་ཞུ་ལས་ཁུངས་ཁྱབ་ཚད78%ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།