ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་གནས་བབ་འོག་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་བྱ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་ཅེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། གསར་འགོད་པས་སློབ་གསོ་པུའུ་ཡི་དྲ་ཚིགས་སྟེང་ནས་ཤེས་གསལ་བྱུང་བ་ལྟར་ན། སློབ་གསོ་པུའུ་ཡིས2022ལོའི་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་དང་འབྲེལ་བའི་རིམས་ནད་སྔོན་འགོག་བྱ་བའི་ཐད་ཆེད་དོན་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་འདུས་ཏེ། སྔ་མོ་ནས་དགོས་ངེས་ཀྱི་རྒྱུགས་ར་དང་ལོག་བཀར་རྒྱུགས་ར་ཇེ་མང་དུ་གཏོང་རྒྱུ་དང་། འབྲེལ་ཡོད་རྒྱུགས་ལེན་ལས་བཟོ་བ་འདེམས་ཐོན་དང་གསོ་སྦྱོང་བྱེད་པ། རྒྱུགས་ཤོག་སྒྲིག་སྦྱོར་དང་བདེ་འཇགས་གསང་སྲུང་སོགས་ཀྱི་བྱ་བ་བཟང་བོ་བསྒྲུབ་རྒྱུ། ས་ཁུལ་ཁ་ཤས་ལ་རིམས་ནད་ཀྱི་དབང་གིས་རྒྱུགས་ཞུགས་སློབ་མ་རྣམས་ས་གནས་གཞན་དུ་ལུས་བསྡད་ཡོད་པའི་གནས་ཚུལ་ལ་དམིགས་ནས། ཆེད་དུ་མཁོ་བསྟུན་བཀོད་སྒྲིག་གི་ཇུས་གཞི་གཏན་འབེབས་བྱ་རྒྱུ་དང་། དུས་ཐོག་ཏུ་རྒྱུགས་ཤོག་དཔར་བ་དང་སྡེབ་སྦྱོར་བྱེད་པ། གཏན་འབེབ་ལྟར་ཚད་ལྡན་ཅན་གྱི་རྒྱུགས་ར་བཀོད་སྒྲིག་བཅས་བྱས་ནས་ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མ་རྣམས་རང་ས་གནས་ཀྱི་རྒྱུགས་ར་ནང་ཞུགས་པར་འགན་སྲུང་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།