ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་ཀྲེ་ཅང་ཧྲའོ་ཞིང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་བརྟག་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ནས19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིང་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་བརྟག་ཞིབ་དང་མཛུབ་ཁྲིད་གནང་། རིམས་ནད་ཚབས་ཆེ་བའི་ཧྲང་ཡུས་ཆུས་སུ་ཕེབས་ནས། སྡེ་ཁུལ་དུ་སྒོ་ཐེལ་ཚོད་འཛིན་དང་ཉིང་སྐྱུར་གྲལ་བཤེར། གཅིག་སྡུད་ལོགས་དབྱེ། འཁོར་རྒྱུག་གྲལ་བཤེར། སྨན་བཅོས་སྐྱོབ་བཅོས། ཞབས་ཞུ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཤིང་། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོའི་དོན་འཁྱོལ་ནན་འཛིན་གཏིང་ཟབ་བྱེད་པ་དང་། ཞིབ་བཤེར་བྱེད་དགོས་རིགས་ལ་ཞིབ་བཤེར་ཧུར་ཐག་བྱས་ནས་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས། འཕྲལ་མ་ཉིད་དུ་ལོགས་བཀར་བྱེད་དགོས་རིགས་ལ་ལོགས་བཀར་དང་དོ་དམ་ཚད་ལྡན་བྱེད་དགོས། གཞིས་ཁུལ་དུ་རིམ་དབྱེ་རིགས་དབྱེའི་ངང་དོ་དམ་ཚོད་འཛིན་བྱས་ཤིང་། འཚོ་བའི་དངོས་ཟོག་འགན་ལེན་དང་མཁོ་སྤྲོད་ཡག་པོ་བྱེད་པ་དང་། གད་སྙིགས་བརྒྱུད་དབོར་དང་མང་ཚོགས་ཀྱི་སྨན་སྤྱོད་སོགས་གནད་དོན་ཐག་གཅོད་བྱས་ནས། “རིམས་མེད་གཞིས་ཁུལའཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་རིམས་ནད་འགོག་རྒོལ་གྱི་ཧུར་སེམས་ལ་སྐུལ་སློང་བྱས་ཏེ། གང་མགྱོགས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་དགོས།  

ཧྲའོ་ཞིང་གི་རིམས་ནད་མཆེད་ཁུལ་གཙོ་བོ་ནི་ཧྲང་ཡུས་ཆུས་ཀྱི་པའེ་གོན་དང་ཚའོ་ཨེའི་སྲང་ལམ་གཉིས་སུ་གཅིག་སྡུད་ཡིན་ལ། ནད་པ90%ལྷག་ས་གནས་དེ་གཉིས་སུ་ཡོད། འདས་མཆོད་སོགས་མི་ཚོགས་གཅིག་སྡུད་ཀྱི་བྱེད་སྒོ་དང་། སྒོ་རྩིས་ཚོང་ཁང་ནས་མཆེད་པའི་ཁྱད་ཆོས་མངོན་ཡོད། ཉིན་འདི་དག་རིང་འབད་བརྩོན་བྱས་པ་བརྒྱུད། སྡེ་ཁུལ་དུ་གཞི་རྩའི་ཆ་ནས་གཙང་སེལ་བྱས་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་དེ་སྔར་བཞིན་འགག་རྩའི་དུས་སུ་གནས་ཡོད། སུན་ཁྲུན་ལན་གྱིས་བསྟན་དོན། གཙོ་གནད་ས་ཁོངས་ཀྱིས་ཉིང་སྐྱུར་གྲལ་བཤེར་བྱ་རྒྱུ་རྩ་འཛུགས་བྱས་ནས། ཕྱི་ཡོང་ཞོར་ལས་པ་སོགས་མི་ཚོགས་ཚང་མར་ཁྱབ་དགོས། རིམས་ནད་འགོས་ཡོད་མཁན་ཤེས་རྟོགས་བྱུང་ཚེ། “བྱ་བ་གསུམ”གྱི་མཐུན་སྦྱོར་མགྱོགས་མྱུར་ངང་ལེགས་སྒྲིག་དང་གྲལ་བཤེར་བྱས་ནས། ཉེན་ཁ་ཡོད་པའི་མི་སྣ་དུས་ཐོག་ཏུ་བརྒྱུད་འདྲེན་བྱས་ཤིང་ལོགས་བཀར་མཐིལ་ཕྱིན་བྱེད་དགོས། ལོགས་བཀར་མི་སྣ་ཇེ་མང་དུ་སོང་བ་དང་བསྟུན་ནས། ལོགས་བཀར་ས་གནས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེ། ལོགས་བཀར་ས་གནས་ཀྱི་ཚད་གཞི་དོན་འཁྱོལ་ནན་མོ་བྱས་ཏེ། འཕྲོད་བསྟེན་ལྟ་སྐུལ་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། སྣོལ་སྦྲེལ་འགོ་བར་སྔོན་འགོག་བྱེད་པ། སེམས་ཁམས་ཁྲིད་སྟོན་དང་མི་ཆོས་ཐུགས་ཁུར་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ལོགས་བཀར་ལས་གྲོལ་བར་ངེས་པར་དུ་སྦས་སྐུང་གི་དུས་སྐབས་གཅིག་དང་། “དཔྱད་ལེན་གཉིས་དང་ཞིབ་དཔྱད་གཉིས”བརྒྱུད་དེ་དོ་དམ་ཚོད་འཛིན་ལས་འཛོལ་མི་ཡོང་བ་བྱ་དགོས། 

སུན་ཁྲུན་ལན་གྱིས་ནན་གྱིས་བསྟན་དོན། ཉེ་ལམ་རྒྱལ་ནང་གི་རིམས་ནད་མཆེད་ས་མང་པོ་ཡོད་པས། “དུས་ཆེན་གཉིས”སླེབས་ལ་ཉེ་བའི་མཚམས་འདིར། ས་གནས་སོ་སོ་དང་སྡེ་ཚན་སོ་སོས“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི”སྤྱིའི་ཐབས་ཇུས་དང་། “འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། རྒྱལ་ནང་དུ་ལོག་པའི་ལོགས་བཀར་གདུབ་ཟུམ་དོ་དམ་ནན་འཛིན་བྱས་ནས། གྲུ་ཁ་སོགས་འགག་སྒོ་སོ་སོ་ནན་སྲུང་བྱེད་དགོས། “ཕྱོགས་བཞིའི་འགན་འཁྲི”གཟབ་ནན་དུ་བཏང་ནས“སྔ་བ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ་དང་། གཉེན་སྟོན་དང་འདས་མཆོད་སོགས་གཅིག་སྡུད་རང་བཞིན་གྱི་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཁྲོམ་འགྲེམས་སྒོ་རྩིས་ཚོང་ཁང་། འགྲིམ་འགྲུལ་ས་ཚིགས། རིག་གནས་རོལ་རྩེད་སོགས་གཙོ་གནད་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ཇེ་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བྱེད་ཐབས་སོ་སོ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས། “དུས་ཆེན་གཉིས”རིང་ལ་ས་གནས་སོ་སོས་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ། མི་སྣ་གསོ་སྦྱོང་དང་སྨན་བཅོས་དངོས་ཟོག གྲབས་གཉེར་སྨན་ཁང་གྲབས་གསོག སྔ་མོ་ནས་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་ནང་སྦྱོང་བྱས་ནས། འགན་འཁུར་བློ་མཐུན་གཙོ་བོས་འཕྲལ་སྡོམ་ལས་རེས་བྱེད་དགོས་པ་དང་། རིམས་ནད་བྱུང་ཚེ་མགྱོགས་མྱུར་ངང་བྱེད་ཐབས་སྤྱད་དེ་འཕྲལ་དུ་ཐག་གཅོད་བྱས་ནས་དུས་ཐོག་ཏུ་རིམས་ནད་མཆེད་པར་བཀག་འགོག་ནུས་ལྡན་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།