ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་ཞིང་། ཁོ་ཚོ་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་ཐུག་འཕྲད་ནང་ཞུགས།

པར་འདི་ནི་ཟླ12པའི་ཚེས15ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ཕྱི་དྲོའི་དུས་ཚོད3དང་སྐར་མ30སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་བྱང་གི་ཚོམས་ཆེན་དུ་ཕེབས་པ་ན་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེབས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཡོངས་ལ་འཚམས་འདྲི་ཞུས་ཤིང་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱས་པ་མ་ཟད་མཉམ་པར་བསྐྱོན་པ་རེད། 

པར་འདི་ནི་ཟླ12པའི་ཚེས15ཉིན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས15ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས། གོ་ཧྲིན་ཁུན་ཐུག་འཕྲད་ཚོགས་འདུར་ཞུགས་པ་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེ་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ། ཏང་གི་ལོ་བརྒྱའི་འབད་འཐབ་ལས་བློ་རིག་གི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུ། སྔར་ལས་ལྷག་པར་ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ། སྔར་ལས་ཆབ་སྲིད་བདེ་ཐང་དང་སྤྱི་ཚོགས་བརྟན་བརླིང་། མི་དམངས་ཞི་འཇགས་བཅས་ཡོང་བར་ཁག་ཐེག་བྱ་རྒྱུ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་སྐབས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་བ་འབུལ་དགོས། 

ཚོགས་ཆེན་སྟེང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་སྔོན་ཐོན་ཚོགས་པ140དང་སྔོན་ཐོན་མི་སྒེར129ལ་གཟེངས་རྟགས་གནང་བ་དང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར60དང་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང160ལ་སྒོ་བྱང་གནང་པ་ལས་གཞན། གྲོང་ཁྱེར་དང་རྫོང73ལ“ཁྲང་ཨན་རྟགས་མའི”མཚན་སྙན་གནང་། གཟེངས་རྟགས་ཐོབ་པའི་འཐུས་མི4ཡིས་གཏམ་བཤད་སྤེལ། 

ཏིང་ཞུའེ་ཞང་དང་དབྱང་ཞའོ་ཏུའུ། ཁྲེན་ཞི། ཧོང་ཁུན་མིང་། ཞའོ་ཅེ་བཅས་མཇལ་འཕྲད་ལ་ཞུགས་པ་དང་། ཀྲའོ་ཁེ་ཀྲི་དང་ཀྲོའུ་ཆང་། ཀྲང་ཅུན་བཅས་ཐུགས་འཕྲད་ལ་ཞུགས་པ་མ་ཟད་ཚོགས་ཆེན་ལའང་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།