ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་ཐུང་ལའོ་ཝན་འཛམ་གླིང་ཚོང་དོན་ལྟེ་གནས་སུ་མེ་སྐྱོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན་གྱི་ཕྱི་དྲོར། ཞང་ཀང་ཐུང་ལའོ་ཝན་འཛམ་གླིང་ཚོང་དོན་ལྟེ་གནས་ལ་རིམ་པ་གསུམ་པའི་མེ་སྐྱོན་བྱུང་ཞིང་། མིག་སྔར་རྨས་མ5པོ་ཚང་མ་སྨན་ཁང་དུ་བསྐྱལ་ཡོད་ལ། དེའི་ཁྲོད་ཀྱི་སྨས་མ་གཉིས་ནི་ལོ་ན60ནས70བར་གྱི་བུད་མེད་རེད།

ཞང་ཀང་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མིག་སྔར་ཐོག་ཁང་ནང་ད་དུང་མི་མང་པོ་ལུས་ཡོད་ལ། མི100ལྷག་ཐོག་བརྩེགས39བའི་བར་འཁྱམས་ནས་རོགས་སྐྱོབ་ཐོབ་པར་རེ་སྒུག་བྱེད་བཞིན་མཆིས། 

 པར་འདི་ནི་ཟླ12པའི་ཚེས15ཉིན་མེ་སྐྱོན་བྱུང་བའི་ཞང་ཀང་ཐུང་ལའོ་ཝན་འཛམ་གླིང་ཚོང་དོན་ལྟེ་གནས་སུ་རོགས་སྐྱོབ་མི་སྣས་རོགས་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད། 

མེ་སྐྱོན་དེ་ནི་དུས་ཚོད12དང་སྐར་མ37སྟེང་བྱུང་ཞིང་། ཕྱི་དྲོའི་དུས་ཚོད1དང་སྐར་མ03སྟེང་མེ་སྐྱོན་རིམ་པ་གསུམ་པར་སྤར། དུས་དེར་འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་བརྩེགས་རིམ་དམའ་སར་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་མེ་སྐྱོན་བྱུང་མ་ཐག་དུ་བ་འཕྱུར་བྱུང་བས། མི་མང་པོ་ཞིག་གིས་བར་འཁྱམས་ནས་རོགས་སྐྱོབ་འཐོབ་པར་རེ་སྒུག་བྱེད་བཞིན་མཆིས་ཤིང་། མེ་གསོད་མི་སྣས་སྐས་རིང་བཀོལ་ནས་རོགས་སྐྱོབ་བྱས་པ་རེད། 

པར་འདི་ནི་ཟླ12པའི་ཚེས15ཉིན་མེ་སྐྱོན་བྱུང་བའི་ཞང་ཀང་ཐུང་ལའོ་ཝན་འཛམ་གླིང་ཚོང་དོན་ལྟེ་གནས་སུ་རོགས་སྐྱོབ་མི་སྣས་རོགས་སྐྱོབ་བྱེད་བཞིན་པའི་རྣམ་པ་རེད། 

དུས་ཚོད14ཙམ་ལ་གསར་འགོད་པས་ཉེན་རྟོག་ཕྱོགས་ཀྱིས་ཉེ་འཁོར་གྱི་འགྲོ་ལམ་བཀག་སྡོམ་བྱས་ཡོད་པ་དང་། མེ་གསོད་མི་སྣས་ཡུལ་དངོས་ནས་རོགས་སྐྱོབ་བྱེད་པའི་གནས་ཚུལ་མཐོང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།