ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་གནང་བར་ཞུགས། 

  ཟླ12པའི་ཚེ15ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས། 

ཕྱི་དྲོའི་ཆུ་ཚོད3དང་སྐར་མ10ཡི་ཐོག ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས། ཚང་མར་བྱམས་བརྩེའི་གླེང་མོལ་བྱས་པ་དང་དྲན་རྟེན་བརྙན་པར་ཡང་བསྐྱོན་པ་རེད།

ཟླ12པའི་ཚེ15ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ་སྤྲོད་པའི་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།   

 ཧོང་ཁུན་མིང་མཇལ་འཕྲད་ལ་ཞུགས་ཞིང་ཚོགས་འདུའི་མགོ་ཚུགས་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། རྒྱ་ཆེའི་གསར་འགྱུར་ལས་དོན་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་གཏིང་ཟབ་དང་འཆད་འགྲེལ་གཏིང་ཟབ་བྱས་པ་དང་། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཧུར་ཐག་བྱས་ཡོད། རྒྱུན་ཆད་མེད་པར་རྐང་ཤུགས་དང་མིག་ཤེད། ཀླད་ནུས། པིར་རྩལ་བཅས་ཆེ་རུ་བཏང་སྟེ། དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོར་སྐྱོད་ཅིང་། ཧུར་ཐག་གིས་ཡིད་རྟོན་རུང་བ་དང་གུས་བཀུར་འོས་པའི་ཀྲུང་གོའི་གཟུགས་བརྙན་གཏོད་ནས། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་ཡོད། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། གསར་འགྱུར་ལས་དོན་པར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས། 

མགོ་ཚུགས་མཛད་སྒོའི་སྟེང་། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡན་ནུང་གིས་མགོ་ཚུགས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལི་དབྱི་ཡིས་མི་དམངས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ། ཚོགས་ཐོག་ཏུ་སྐབས་སོ་གཅིག་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་། 

 ཏིང་ཞུའེ་ཞང་དང་སུན་ཁྲུན་ལན། ཁྲིན་ཞི། ཅི་པིང་ཞོན། ཞའོ་ཅེ། ལིའུ་ཆི་པོ་བཅས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།