ཀྲུང་གོ་བོད་ཀྱི་དྲ་བ།

ཟླ11པར་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་མུ་མཐུད་དུ་སླར་གསོ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཚེས15ཉིན་ཁྱབ་བསྒྲགས་བྱས་པའི་ཆེས་གསར་བའི་གཞི་གྲངས་ལྟར་ན། ཟླ11པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་བའི་རིན་ཐང་དུས་མཉམ་ལས3.8%འཕར་བ་དང་། ལོ་གཉིས་ལ་ཆ་སྙོམས་སུ5.4%འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་སྤྱི་འབོར་སྒོར་དུང་ཕྱུར41043ལ་སླེབས་པ་དང་དུས་མཉམ་ལས3.9%འཕར་ཏེ། ལོ་གཉིས་ལ་ཆ་སྙོམས་སུ4.4%འཕར་ཡོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར37164ལ་སླེབས་པ་དང་། དུས་མཉམ་ལས20.5%འཕར་ཡོད། རྒྱལ་དམངས་དཔལ་འབྱོར་མུ་མཐུད་དུ་སླར་གསོ་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ཅིང་། འཕེལ་རྒྱས་ཀྱི་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་གྱུར་ཡོད།  །

1128164835_16395340501871n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།