ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་སྔར་ལས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་སྔར་ལས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དཔར་ནས་བཀྲམ།

བརྡ་ཐོའི་ནང་བླང་བྱ་ལྔ་བཏོན་ཡོད་དེ། གཅིག་ནས་སློབ་སྦྱོང་དང་ཟབ་སྦྱོང་། དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་ཤུགས་བསྣན་ནས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་སྔོན་ལ་ད་ཡོད་ཀྱི་སྲིད་འཛིན་ཁྲིམས་འཛིན་མི་སྣར་སློབ་གསོ་དང་ཟབ་སྦྱོང་བྱེད་དགོས། གཉིས་ནས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་ཚད་ལྡན་བཟོ་དགོས། གསུམ་ནས་སྲིད་འཛིན་ཆད་གཅོད་ལག་བསྟར་སྔར་ལས་ཚད་ལྡན་ཅན་དུ་གཏོང་དགོས། བཞི་ནས་སྲིད་འཛིན་ཆད་གཅོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་བཅོས་སྒྱུར་བྱས་ནས། ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་བཅས་ལ་སྲིད་འཛིན་ཆད་གཅོད་གང་ནུས་བྱེད་པའི་དབང་ཆ་སྟེར་དགོས། ལྔ་ནས་སྲིད་འཛིན་ཆད་གཅོད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་རིམ་པ་བཞི་ཚང་མར་ཁྱབ་པའི་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།