ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་རིམ་སློབ་གྲྭ་རུ་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཁྲི12.7ལས་བརྒལ་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས7ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཟླ11པའི་ཟླ་སྨད་བར། མཐོ་རིམ་སློབ་གྲྭ་རུ་བསམ་བློ་ཆབ་སྲིད་ཁྲིད་བཞིན་པའི་ཆེད་ཁྲིད་དམ་ཟུར་ཁྲིད་དགེ་རྒན་ཁྲི12.7ཡོད་ལ། དེའི་ཁྲོད་འབྲིང་རིམ་དང་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཁྲི9.1ཡོད་པ་དེ2016ལོ་དང་བསྡུར་ན། དགེ་རྒན་ཁྲི6ལྷག་ཇེ་མང་དུ་སོང་ཡོད་ལ། དེའི་ཁྲོད་འབྲིང་རིམ་དང་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཁྲི4.5ཇེ་མང་དུ་སོང་ཡོད། ཆེད་ལས་དགེ་རྒན་ཁྲི9ཡི་ཁྲོད། ལོ49མན་གྱི་དགེ་རྒན་གྱིས77.7%ཟིན་པ་དང་། རབ་འབྱམས་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ལྡན་པའི་དགེ་རྒན་གྱིས72.9%ཟིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།