ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ་ཡིས2021ལོའི“ཆེས་མཛེས་པའི་མཐོ་སློབ་ཀྱི་རོགས་ཁྲིད་པ”དང“ཆེས་མཛེས་པའི་སློབ་ཆེན་པའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་སློབ་བསམ་བློའི་ཆབ་སྲིད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པ། མཐོ་སློབ་ཀྱི་རོགས་ཁྲིད་པ་དང་སློབ་ཆེན་སློབ་མའི་བསམ་པའི་རྣམ་པ་དང་འགན་འཁྲི་བྱས་རྗེས་མངོན་པར་མཚོན་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ་ཡིས་ཉེ་ལམ་མཉམ་འབྲེལ་སྒོས2021ལོའི“ཆེས་མཛེས་པའི་མཐོ་སློབ་ཀྱི་རོགས་ཁྲིད་པ”དང“ཆེས་མཛེས་པའི་སློབ་ཆེན་པའི”སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།

མ་ཅུན་དང་ལིའུ་ཡན། ལིའུ་ཝའེ། ལིའུ་གོ་ཆོན། ཆི་ཞུན། ཀྲང་ཧའེ་ཡུས། ཧུའུ་པའོ། ཞང་ཧྲུའུ་ཧྥང་། ཀྲའོ་དབྱི་ཧུང་། ཞུའེ་པིན་སོགས་མཐོ་སློབ་རོགས་ཁྲིད་པ10ལ2021ལོའི“ཆེས་མཛེས་པའི་མཐོ་སློབ་ཀྱི་རོགས་ཁྲིད་པའི”མཚན་སྙན་བསྩལ། ཁོ་ཚོའི་ནང་ལ་ལས་དད་སེམས་ཀྱི་ས་བོན་གཏོར་ནས་སློབ་མས་ཏང་གི་ལོ་རྒྱུས་ཁྲོད་ཕུགས་འདུན་དད་སེམས་སྲ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། ལ་ལས་བསམ་བློའི་ཆབ་སྲིད་སློབ་ཚན་ལ་བརྟེན་ནས་སློབ་མས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཁྲོད་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་། ཡང་ལ་ལས་བརྩེ་སེམས་ཡོད་ཚད་ཀྱིས་སློབ་མའི་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད།

ལིའུ་ཁྲིན། ལིའུ་ཡའོ་ཏུང་། དབྱང་ཆན། སུང་ཀྲེ། ཀྲང་ཅན། ཨ་པུའུ་ཏུའུ་ལ། ཀྲོའུ་ཅེ། ཀྲོའུ་ཅིན་ཡུས། ཧོང་དབྱི་ཐིན། ལེང་རུང་ཧའོ་སོགས་སློབ་ཆེན་སློབ་མ10ལ2021ལོའི“ཆེས་མཛེས་པའི་སློབ་ཆེན་པའི”མཚན་སྙན་བསྩལ། ཁོ་ཚོའི་ནང་ལ་ལས་སྨྱུ་གུ་བཟུང་སྟེ་འཛུགས་སྐྲུན་གྱི་གཡུལ་ལ་ཞུགས་ནས་རང་འགུལ་གྱིས་དཀའ་ཁག་ཆེ་བའི་མཐའ་མཚམས་སུ་སོང་བ་དང་། ལ་ལས་དཀའ་སྤྱད་འབད་བརྩོན་གྱིས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱས་ཤིང་། ཡང་ལ་ལས་ཚན་རྩལ་གསར་གཏོད་ལ་ཕུགས་བསམ་བཅངས་ནས་ཆེད་རྩོམ་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོའི་སྟེང་བྲིས་ཡོད།

རྒྱ་ཆེའི་དགེ་སློབ་རྣམ་པས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དང་ལྷག་པར་དུ་རྒྱལ་ཡོངས་ཀྱི་མཐོ་སློབ་བསམ་བློའི་ཆབ་སྲིད་བྱ་བའི་ཚོགས་འདུ་འཚོགས་པའི་ཚུན་དུ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་བྱ་བར་བདེན་སྲུང་གསར་སྐྲུན་དང་ཕན་འབྲས་མངོན་གསལ་ཐོབ་ཡོད། “ཆེས་མཛེས་པའི་མཐོ་སློབ་ཀྱི་རོགས་ཁྲིད་པའི”མཛད་རྗེས་ཀྱིས་རྒྱ་ཆེའི་མཐོ་སློབ་རོགས་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་ཀུན་སྤྱོད་དང་མི་གཞི་སྐྱོང་བའི་གཞི་རྩའི་ལས་འགན་དངོས་འབེབས་གང་ལེགས་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས"ཏང་གི་ཆེད་དུ་མི་གཞི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི"འགན་འཁྲི་ལག་བསྟར་བྱེད་པར་སྐུལ་ལྕག་དང་། “ཆེས་མཛེས་པའི་སློབ་ཆེན་པའི”མཛད་རྗེས་ཀྱིས་རྒྱ་ཆེའི་ན་གཞོན་སློབ་མས་རྒྱལ་གཅེས་དམངས་གཅེས་དང་ཀུན་སྤྱོད་ཞུན་བརྡར། གསར་སྐྲུན་ཕོད་པ། སློབ་སྦྱོང་དང་ལས་དོན་ལ་གཞོལ་ནས། ཧུར་བརྩོན་གྱིས་མ་འོངས་འགན་འཁྲི་ཕྲག་ཏུ་ལེན་ཐུབ་པའི་དུས་རབས་ཀྱི་སྟོབས་ཤུགས་གསར་བར་འགྱུར་བར་སྐུལ་ལྕག་བྱེད་ཐུབ་ཞེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།