ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་རྣམ་བཤད་གཅེས་བསྡུས》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་རྣམ་བཤད་གཅེས་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ལམ་ཀྲུང་དབྱང་ཡིག་ཆ་པར་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

མི་རེ་རེས་མིའི་ཐོབ་ཐང་ལོངས་སུ་སྤྱོད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ནམ་ཡིན་ཡང་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་རིགས་ལ་འཕེལ་རྒྱས་བརྩོན་ལེན་བྱེད་པ་ནི་འབད་བརྩོན་གྱི་དམིགས་འབེན་དུ་བཟུང་ཡོད། ཀྲུང་གོ་གསར་བ་བཙུགས་ནས་ལོ་བདུན་བཅུ་ལྷག་འགོར་བའི་རིང་། ཀྲུང་གོས་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་གནས་ཚུལ་དངོས་དང་འཚམ་པའི་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་ཞིག་ཏུ་བསྐྱོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་དཀྱིལ་སྙིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གོ་གནས་སུ་བཞག་སྟེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བསྙེགས་པ་དེ་འབད་བརྩོན་གྱི་དམིགས་འབེན་བཟུང་ནས་མི་དམངས་ལྟེ་བ་ཡིན་པའི་མིའི་ཐོབ་ཐང་གི་འདུ་ཤེས་འཛིན་པ་དང་། འཚོ་གནས་ཐོབ་ཐང་དང་འཕེལ་རྒྱས་ཐོབ་ཐང་དེ་གཞི་རྩའི་མིའི་ཐོབ་ཐང་ཐོག་མར་བརྩིས་ནས་མི་དམངས་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་ཀྱི་ཁེ་དབང་ཇེ་ཆེར་བཏང་བ་དང་། ཧུར་བརྩོན་གྱིས་སྤྱི་ཚོགས་ཀྱི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོང་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད། མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་ཀྲུང་གོ་མི་དམངས་ཀྱི་གཞི་རྩའི་ཁེ་དབང་སྣ་ཚོགས་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། ཀྲུང་གོའི་མིའི་ཐོབ་ཐང་གི་ལས་དོན་ལ་རླབས་ཆེ་བའི་གྲུབ་འབྲས་བླངས་ཏེ། འཛམ་གླིང་གི་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་སྐོར་གྱི་རྣམ་བཤད་རབ་དང་རིམ་པ་ནི་དོན་སྙིང་ཆེ་ལ་ཕུན་སུམ་ཚོགས་པ་དང་། བསམ་བློ་གཏིང་ཟབ་པས་ང་ཚོས་སྔར་ལས་མཐོ་བའི་ཆུ་ཚད་སྟེང་ཀྲུང་གོ་མི་དམངས་ཀྱི་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། སྔར་ལས་དྲང་བདེན་དང་ལུགས་མཐུན། ཁོང་ཡངས་བཅས་ཀྱི་གོ་ལ་ཧྲིལ་བོའི་མིའི་ཐབ་ཐང་བཅོས་སྐྱོང་ཆགས་པར་སྐུལ་འདེད་བཏང་སྟེ་ཐུན་མོང་སྒོས་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།

《རྣམ་བཤད་གཅེས་བསྡུས》ལ་ཆེད་དོན9རུ་དབྱེ་ཡོད་པ་དང་། བསྡོམས་པས་རྣམ་བཤད་ཚན་པ335ཡོད་ལ། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2021ལོའི་ཟླ10བའི་ཚེས30ཉིན་གྱི་སྙན་ཞུ་དང་གཏམ་བཤད། གླེང་མོལ། གསུང་བཤད། རྟེན་འབྲེལ་འཕྲིན་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ160ལྷག་ལས་དྲངས་པ་ཡིན། དེའི་རྣམ་བཤད་ཁག་ཅིག་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་ཡིན།  ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།