ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་འགག་སྒྲོལ་བྱེད་པ་དང་རྒྱལ་ཡོངས་གཅིག་གྱུར་གློག་ཤུགས་ཚོང་རའི་མ་ལག་གང་མྱུར་གྱིས་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲི་ལམ་ལུགས་འཛུགས་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་འགག་སྒྲོལ་བྱེད་པ་དང་རྒྱལ་ཡོངས་གཅིག་གྱུར་གློག་ཤུགས་ཚོང་རའི་མ་ལག་གང་མྱུར་གྱིས་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲི་ལམ་ལུགས་འཛུགས་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ11པའི་ཚེས24ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་ཅིང་། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་བསྡུས་ཏེ། 《ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལོ་གསུམ་འགག་སྒྲོལ་ཇུས་གཞི(2021ལོ་ནས2023ལོའི་བར)》དང《རྒྱལ་ཡོངས་གཅིག་གྱུར་གློག་ཤུགས་ཚོང་རའི་མ་ལག་གང་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲི་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར(ཚོད་སྤྱོད)》《རིག་དངོས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》《ཀྲུང་ཀོན་ཚུན་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་བརྟེན་རང་སྤེལ་དང་སྔོན་ལ་ལག་བསྟར་ཚོད་ལྟ་བྱེད་པའི་བཅོས་བསྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱེད་ཐབས་འགའ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་འགག་སྒྲོལ་བྱེད་པའི་དམིགས་ཡུལ་ནི་སྒྲིག་སྲོལ་ནང་རྐྱེན་སྟེང་ནས་ཚན་རྩལ་གསར་སྐྲུན་བྱེད་པ་དང་གློ་བུར་བའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་འབུར་དུ་དོད་པ་དང་། གཙོ་གནད་འཛིན་པ་དང་མི་འདང་ས་ཁ་གསབ་བྱེད་པ། ཞན་ཆར་ཤུགས་སྣོན་བྱེད་པ། དམིགས་འབེན་ལ་མིག་དབང་གཏོད་པ་དང་གནད་ཁེལ་ཤུགས་འདོན་བྱེད་པ། སྔ་མོ་ནས་གྲུབ་འབྲས་ཐོན་དུ་འཇུག་པ་བཅས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་བརྟེན་རང་སྤེལ་ལ་འགན་སྲུང་བྱེད་པའི་ལམ་ལུགས་མ་ལག་གང་མྱུར་གྱིས་བཙུགས་ནས། ཚན་རྩལ་གསར་སྐྲུན་གྱི་མ་ལག་ཅན་གྱི་ནུས་པ་ཇེ་མཐོར་གཏོང་དགོས། གློག་ཤུགས་ཚོང་རའི་འཁོར་སྐྱོད་ཆོས་ཉིད་དང་ཚོང་རའི་དཔལ་འབྱོར་ཆོས་ཉིད་བརྩི་སྲུང་བྱས་ཏེ། གློག་ཤུགས་ཚོང་རའི་སྤྱིའི་འཆར་འགོད་ཇེ་ལེགས་སུ་གཏོང་བ་དང་། གློག་ཤུགས་ཐོན་ཁུངས་རྒྱལ་ཡོངས་ཀྱི་ཡུལ་ཁོངས་སྔར་བས་མང་པོར་མཉམ་སྤྱོད་གཉིས་ཕན་དང་སྒྲིག་བཀོད་ལེགས་སྒྱུར་ཡོང་བར་བྱེད་པ། གཅིག་གྱུར་གྱིས་སྒོ་འབྱེད་པ་དང་འགྲན་རྩོད་ལ་སྒྲིག་ལམ་ཡོད་པ། བདེ་འཇགས་ཡིན་ལ་ཕན་འབྲས་མཐོ་བ། བཅོས་སྐྱོང་འཐུས་ཚང་ཡིན་པ་བཅས་ཀྱི་གློག་ཤུགས་ཚོང་རའི་མ་ལག་གང་མྱུར་གྱིས་ཆགས་སུ་འཇུག་དགོས། ཏང་གི་སློབ་གསོ་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་ནི་སློབ་གསོ་ལེགས་པོར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲི་ལམ་ལུགས་འཛུགས་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་དེ་སློབ་གསོ་སྒྲུབ་པ་དང་སློབ་གྲྭ་སྐྱོང་བ། དཔེ་ཁྲིད་མི་སྐྱོང་བཅས་ཀྱི་གོ་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ལག་བསྟར་བྱེད་པ་དང་། ཏང་ལ་མི་སྐྱོང་བ་དང་རྒྱལ་ཁབ་ལ་འཇོན་མི་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སློབ་གསོ་བྱེད་ཕྱོགས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་གྲྭ་འབྲིང་ཆུང་ནས་ལག་བསྟར་མཐའ་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། རིག་དངོས་ཀྱི་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་དགོས། རིག་དངོས་ཀྱི་ཞིབ་འཇུག་འགྲེལ་བཤད་དང་བཤམས་སྟོན་བརྒྱུད་སྒྲོག་གི་ཆུ་ཚད་ཇེ་མཐོར་བཏང་སྟེ། རིག་དངོས་དོན་ངོ་མས་ཧུར་པོར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་ཧྭ་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་ཤུགས་རྒྱ་བསྐྱེད་པའི་མིང་བྱང་གལ་ཆེན་དུ་འགྱུར་དུ་འཇུག་དགོས། ཀྲུང་ཀོན་ཚུན་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་གྱིས་ཚན་རྩལ་གྱི་ཐོན་ཁུངས་དང་ལམ་ལུགས་གསར་སྐྲུན་གྱི་ལེགས་ཆ་སྔར་བས་ལེགས་པོར་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་བརྟེན་རང་སྤེལ་དང་སྔོན་ལ་ལག་བསྟར་ཚོད་ལྟ་བྱེད་པའི་བཅོས་བསྒྱུར་སྤེལ་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཚན་རྩལ་གལ་ཆེན་གསར་སྐྲུན་བྱེད་པའི་མགོ་ཁྲིད་པ་དང་རྩ་འཛུགས་པ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་འགག་ཚན་རྩལ་དང་སྲོག་ཤིང་ཚན་རྩལ་འགག་སྒྲོལ་བྱེད་པའི་ཕན་མཐོའི་རྩ་འཛུགས་མ་ལག་ཆགས་སུ་འཇུག་པ་དང་། ལས་འགན་འདེད་སྐུལ་དང་ལས་འགན་ཁྲིད་ཕྱོགས་ཡིན་པའི་རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་འཛུགས་པ། རྨང་གཞིའི་བསླབ་ཚན་གྱི་ཞིབ་འཇུག་ལྟེ་གནས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ་བཅས་ཀྱིས་ཚན་རྩལ་གལ་ཆེན་གྱི་ལས་གཞི་འཛུགས་པ་དང་རྩ་འཛུགས་དོ་དམ་བྱེད་སྟངས་བཅོས་བསྒྱུར་གསར་སྐྲུན་བྱེད་པ། མ་ལག་ཅན་གྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་གློག་ཤུགས་ཚོང་རའི་འཛུགས་སྐྲུན་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བས། ཚོང་ར་ཅན་གྱིས་ཉོ་འཚོང་བྱས་པའི་གློག་ཤུགས་ཀྱི་བསྡུར་ཚད་ཆེས་ཆེར་འཕར་ཡོད།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཏང་གིས་སློབ་གྲྭ་འབྲིང་ཆུང་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས། ཚོད་ལྟའི་བྱ་བར་གཏིང་ཟབ་ཏུ་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཏང་རྩ་འཛུགས་ཀྱིས་ཁ་ཕྱོགས་འཛིན་པ་དང་སྤྱི་ཁྱབ་ལ་དོ་དམ་བྱེད་པ། ཇུས་ཐག་གཅོད་པ། དཔུང་ཁག་འཛིན་པ། དཔུང་སྡེར་སྣེ་ཁྲིད་བྱེད་པ། དངོས་འབེབས་ལ་འགན་སྲུང་བྱེད་པ་བཅས་ཀྱི་མགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། ཏང་འཛུགས་བྱ་བ་དེ་སློབ་གསོ་སྒྲུབ་པ་དང་སློབ་གྲྭ་སྐྱོང་བའི་ལས་འགན་གལ་ཆེན་དུ་བརྩིས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་དེ་སློབ་གྲྭའི་དཔེ་ཁྲིད་མི་སྐྱོང་གི་འཐབ་འཛིང་བཙན་རྫོང་བརྟན་པོར་འགྱུར་དུ་འཇུག་དགོས། བསམ་བློ་དང་ཆབ་སྲིད་ཀྱི་བྱ་བ་དམ་པོར་ལག་ཏུ་བཟུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་སློབ་མའི་ཀུན་སྤྱོད་ལ་སློབ་གསོ་གཏོང་བའི་བྱ་བ་ལེགས་འཛིན་བྱས་ཏེ། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དུ་གཏོང་བ་དང་གསར་བརྗེའི་རྒྱུད་པ་རྒྱུན་འཛིན་བྱེད་པ་དེ་སློབ་གྲྭའི་སློབ་གསོའི་ཁྲོད་དུ་གཏིང་ཟབ་ཏུ་འདྲེས་སུ་འཇུག་པ་དང་། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། མི་དམངས་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་ཀྱི་བརྩེ་དུང་སྐྱེད་སྲིང་བྱེད་པ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཁྱོན་ཡོངས་ནས་ལེགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྗེས་སྐྱོང་པ་ཧུར་བརྩོན་གྱིས་སྐྱེད་སྲིང་བྱེད་དགོས། རིགས་བགོས་མཛུབ་སྟོན་དང་རིམ་བགར་ལག་བསྟར་ལ་ཤུགས་སྣོན་བྱས་ཏེ་རིགས་མི་འདྲ་བ་དང་གཞི་ཁྱོན་མི་འདྲ་བར་དམིགས་ནས། བསམ་བློ་གྲ་སྒྲིག་དང་རྩ་འཛུགས་གྲ་སྒྲིག བྱ་བའི་གྲ་སྒྲིག་བཅས་ལེགས་པོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཆ་རྐྱེན་འཛོམས་ན་རེ་རེ་བཞིན་ལེགས་སྒྲིག་བྱས་ཏེ་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་དངོས་གནས་མཐའ་འཁྱོལ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་རིག་དངོས་ལས་དོན་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དང་། རིག་དངོས་སྲུང་སྐྱོབ་དང་དོ་དམ། བེད་སྤྱོད་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།