ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་རེ་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གནང་།  

ཚེས30ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་རེ་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུ་མགོ་འཛིན་མཛད་ནས་གསུང་བཤད་གནང་།  

 ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་། མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་། སློབ་གསོ་ཚན་རིག་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་བཅས་ཀྱི2021ལོའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་འབྲེལ་ཡོད་ཀྲུའུ་ཞི་གཞོན་པ་སོ་སོས་བྱ་བར་དཔྱད་བརྗོད་གནང་། 

 ཝང་དབྱང་གིས་བསྟན་དོན། ཀྲུའུ་ཞིའི་ཚོགས་འདུས་ལོ་རེར་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གཅིག་སྡུས་ཐོག་གསན་པ་ནི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ད་ལོའི་ཚུན་དུ། ཆེད་དོན་ཨུ་ལྷན་སོ་སོས་ཀྲུང་གུང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་ཏན་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞིའི་ཚོགས་འདུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་བྱ་བར་དམིགས་ཏེ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་འགན་འཁྲི་གཙང་སྒྲུབ་ནན་ཏན་བྱས་ཏེ། ཆེད་མཁས་པའི་གྲོས་མོལ་ཚོགས་འདུ་དང་ཆེད་དོན་དམངས་གཙོའི་ལྟ་སྐུལ་སོགས་ཀྱི་བྱ་བ་གསར་གཏོད་སྒོས་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད། ད་ལོའི་བྱ་བར་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བའི་ཉམས་མྱོང་དང་གྲུབ་འབྲས་སྤྱི་སྡོམ་ཡག་པོ་བྱེད་དགོས་ལ། མི་འདང་བའི་ཆ་ཤེས་རྟོགས་དང་ལེགས་བཅོས་ལ་ཁ་ཕྱོགས་གསལ་སྟོན་བྱ་རྒྱུར་ཡང་དོ་སྣང་བྱས་ཏེ། ལས་དོན་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས། སྲིད་གྲོས་བྱ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏང་དགོས།  

ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི2021ལོར་ཆེད་དོན་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་ནས། སྤྱི་ཚོགས་རྒན་བསྟུན་བསྒྱུར་བཀོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》དང་། 《“ལྟ་བ་ལྔ”ཡི་སློབ་གསོར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》 《དབུས་རྒྱུད་ས་ཁུལ(ཧྲན་ཞི་དང་ཧི་ནན)གྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་ཚུལ་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》 《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་སྒོས་བསྐྲུན་པར་སྐུལ་འདེད་བཏང་བ་སྟེ་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་འཛུགས་སྐྲུན་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། སྙན་ཞུ་སྔར་ལས་འཐུས་ཚང་དུ་བཏང་རྗེས་འབྲེལ་ཡོད་ཕྱོགས་སོ་སོར་འབུལ་སྐྱེལ་བྱ་རྒྱུ་རེད། 

ཀྲུའུ་ཞི་ཚོགས་འདུས་ད་དུང2021ལོའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་བྱས་ཤིང་། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པའམ། རྒྱལ་ཁབ་རྒྱ་མཚོ་ཅུའུ་ཡི་ཅུའུ་ཀྲང་ཝང་ཧུང་གིས་གདན་ཞུ་ལྟར“དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་བཏོད་དེ་རྒྱ་མཚོའི་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས”ཞེས་པའི་ཟུར་ཁྲིད་སྙན་ཞུ་སྤེལ།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པོ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞོ་ཀོང་། ལེང་ཀྲེན་དབྱིང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧི་ལི་ཧྥུང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀོ་ཡུན་ལུང་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།