ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་མཇུག་སྒྲིལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁངགི་གློག་འཕྲིན་ལྟར། ཚེས24ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་མཇུག་སྒྲིལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་། 

ཟླ11པའི་ཚེས24ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པ་པེ་ཅིང་དུ་མཇུག་སྒྲིལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་བྱས་ཏེ་གསུང་བཤད་གནང་།  

ཝང་དབྱང་གིས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་གྲོས་གཞིར་བྱས་ཏེ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ་ནི། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་ལ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཏེ་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྲིད་གྲོས་ཀྱི་རྒྱུན་ཨུ་ནི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི“འགག་རྩའི་ཉུང་ཤས”ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས། སྲིད་གྲོས་ཨུ་ཡོན་གྱི་རང་ངོས་སློབ་སྦྱོང་དང་རང་གིས་རང་ལ་སློབ་གསོ་གཏོང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་དང་། ཨུ་ཡོན་གྱི་དཔེ་ཀློག་ཚོགས་པ་སོགས་ལས་སྟེགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་སྐབས། ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་དེ་སྔོན་ཅིའི་ཕྱིར་ལེགས་འགྲུབ་བྱུང་བ་དང་། འབྱུང་འགྱུར་ཇི་ལྟར་བྱས་ཚེ་གཞི་ནས་མུ་མཐུད་དུ་ལེགས་འགྲུབ་འབྱུང་བ་གསལ་པོ་ཤེས་ནས། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱས་ནས། ཏང་གི་རྗེས་སུ་འབྲངས་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྲ་བརྟན་དུ་གཏོང་དགོས། “གཏན་འཁེལ་གཉིས”ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་དང་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རླབས་ཆེན་ལག་ལེན་ལ་ཕྱོགས་སྡོམ་བྱས་པ་ལས་བྱུང་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་གལ་ཆེན་ཞིག་དང་། ཀྲུང་གུང་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པའི་ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རིགས་སོ་སོས“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཏིང་ཟབ་ཡོང་བ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་རྩ་བའི་རྩ་དོན་རྒྱུན་འཁྱོངས་དང་བརྩི་སྲུང་ནན་མོ་བྱེད་པ་དང་། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ། དམངས་གཙོའི་བྱ་ཐབས་དང་གྲོས་བསྡུར་བྱེད་ཐབས། སྐྱོན་བརྗོད་བྱེད་ཐབས། གོ་སྐོན་སློབ་གསོའི་བྱེད་ཐབས་བཅས་སྤྱད་ནས། བསམ་བློའི་ངོས་འཛིན་གྱི་གནད་དོན་ཐག་གཅོད་བྱེད་མཁས་དགོས། གྲོས་མོལ་ལ་བརྟེན་ནས་མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་མོ་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།  

བརྡས་ཐག་བཅད་པ་བརྒྱུད། ཚོགས་འདུས་བློ་མཐུན་ཝང་ལི་ཞ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་གྱི་ལས་གནས་དགོངས་ཞུ་བྱས་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། ཧྥུའུ་ཀྲེང་ཧྭ་ཡི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་སྐོང་འཐེན་དང་། ཧྥུའུ་ཀྲེང་ཧྭ་དང་ཏོའུ་རུང་ཞིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་རྗེས་འདེད་ཐག་གཅོད་བྱས། 

ཚོགས་འདུ་མཇུག་སྒྲིལ་བའི་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲིའམ་ཀྲུང་གོ་ཚན་རིག་ཁང་གི་རྟོག་བཟོའི་དཔལ་འབྱོར་དང་གྲངས་གཞིའི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཡུང་གིས་གདན་ཞུས་ལྟར་ཁ་བྱང་ལ“གྲངས་གཞིའི་དཔལ་འབྱོར་གྱི་འཕེལ་རྒྱས་དང་འབྱུང་འགྱུར”ཞེས་པའི་སློབ་སྦྱོང་འཆད་ཁྲིད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པོ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མཱ་པེའོ། ཁྲེན་ཞོ་ཀོང་། ལེང་ཀྲེན་དབྱིང་། ཞ་པོ་ལུང་། ལི་པིན། པ་ཐར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།